འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎དཔེ་མཛོད་ཁང་སྒོ་བརྒྱབ་ཀྱང་དཔེ་ཀློག་ཞབས་འདེགས་སྔར་བཞིན་ཞུ་བཞིན་པ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་
གིས་ཀློག་པ་པོར་གྲངས་གཞིའི་དཔེ་ཀློག་ཞབས་ཞུ་ཁྱབ་གདལ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཟླ་1ཚེས་25ཉིན་ནས་སྒོ་བརྒྱབ་པ་ནས་བཟུང་། ཀློག་པ་པོ་ཁྱིམ་དུ་སེམས་རྣལ་དུ་ཕབ་ཆེད་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“དཔེ་མཛོད་ཁང་སྒོ་བརྒྱབ་ཀྱང་དཔེ་ཀློག་ཞབས་ཞུ་སྔར་བཞིན་སྒྲུབ་པའི”ལས་ཀའི་རྩ་དོན་ལ་གཞིགས་ནས་གྲངས་གཞིའི་དཔེ་ཀློག་ཧུར་ཐག་བཏོད་དེ་དྲ་བའི་ཐོག་དཔེ་ཀློག་གི་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་བའི་བྱ་རིམ་ཆུང་ངུ་བརྒྱུད། ཀློག་པ་པོས་དྲ་ཐོག་ནས་བོད་རྒྱ་སྐད་གཉིས་ཀྱི་དཔེ་དེབ་དང་། བརྙན་ཐུང་། སྒྲ་ལམ་སོགས་བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལྟ་ཀློག་བྱེད་ཐུབ་པ་དང་། དཔེ་མཛོད་ཁང་གི་སྐད་འཕྲིན་སྤྱི་རྟགས་ཀྱི་ལས་སྟེགས་ལ་ཞུགས་ནས་གྲངས་གཞིའི་ཐོན་ཁུངས་དང་སྤྱོད་གོ་ཆོད་པའི་ཞབས་ཞུ་སོགས་ཀྱི་ལེ་ཚན་བརྒྱུད། བོད་ཀྱི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བེད་སྤྱོད་དང་། གློག་རྡུལ་དཔེ་དེབ་དང་། དུས་དེབ། སྒྲ་ལྡན་དཔེ་ཀློག་སོགས་ལྟ་ཆོག་པ་དང་། CNKIབརྒྱུད་ནས་བོད་ལྗོངས་ཀྱི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་དང་དཔེ་ཀློག་སྣ་ཚོགས་སོགས་གྲངས་གཞིའི་ཐོན་ཁུངས་མང་པོ་ཞིག་ལྟ་ཀློག་བྱེད་ཆོག་པ། བོད་རྒྱ་སྐད་གཉིས་ངག་ཀློག་ལས་སྟེགས་བརྒྱུད་སྒྲ་ལྡན་བརྩམས་ཆོས་ཉན་ཆོག
     ཀློག་པ་པོ་ཁྱིམ་དུ་སེམས་རྣལ་དུ་ཕབ་ཆེད་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྒོ་རྒྱག་རིང་། ཀློག་པ་པོར་དྲ་ཐོག་ནས་དཔེ་དེབ་འདྲི་རྩད་དང་མུ་མཐུད་གཡར་བའི་སྟབས་བདེའི་ཞབས་ཞུ་སྒྲུབ་བཞིན་ཡོད། དཔེ་མཛོད་ཁང་སྒོ་རྒྱག་རིང་དཔེ་དེབ་གཡར་བའི་དུས་ཚོད་ཟིན་པར་དུས་འགྱངས་དངུལ་ཆད་མི་གཏོང་བ་མ་ཟད། གནས་སྐབས་མི་སྒེར་གྱི་ཡིད་རྟོན་མ་ལག་ནང་འཇུག་རྒྱུ་མིན་པས་ཀློག་པ་པོས་རྗེས་སུ་དཔེ་དེབ་གཡར་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད། ཀློག་པ་པོས་ད་དུང་སྐད་འཕྲིན་སྤྱི་རྟགས་ཀྱི་ལས་སྟེགས་བརྒྱུད་ནས་དུས་བཀག་ནང་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་སྤྲིན་ཚོམ་མཉམ་སྤྱོད་ཐད་གཏོང་དང་། སྐར་ཚོགས་བྱ་དགའི་བརྩམས་ཆོས། གྲངས་གཞི་ཁྱབ་སྤེལ་གྱི་ཐོན་ཁུངས་འབོར་ཆེན་སོགས་ལྟ་ཆོག་གི་ཡོད།