འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་14ཉིན།

༄༅༎ཀྲུང་གོ་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གིས་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་ལ་ཞུགས་

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་14ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དུས་ཡུན་ཉིན་དྲུག་ཡིན་པའི་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་ཚེས་11ཉིན་གྱི་སྔ་དྲོར་ཀྲང་དབྱི་འགྲེམས་སྟོན་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོར་ཀྲུང་གོ་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གིས་སྤྲིན་པའི་མཐོ་ཚད་སྨི་300ཡི་གནམ་གཤིས་ཆ་རྐྱེན་འོག་འཕུར་སྐྱོད་བྱས་པ་དང་། ཉེན་ཁ་ཆེ་ལ་སྐྱི་གཡའ་བའི་སྒུལ་སྟངས་དང་རྩེར་སོན་གྱི་འཕུར་སྐྱོད་ལག་རྩལ་ལ་བརྟེན་ནས་སྔ་རྗེས་སུ་གནམ་གྲུ་རྐྱང་མ་དང་གནམ་གྲུ་དྲུག་མཉམ་འཕུར་གྱི་འཁྲབ་སྟོན་བྱས་པ་རེད།