འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་13ཉིན།

༄༅༎བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་སྨན་ཁང་ནས་ཐོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་13ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་2ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་(གཡས་ཀྱི་གཉིས་པ་)སྨན་དོན་མི་སྣའི་རོགས་རམ་འོག་སྨན་ཁང་ནས་ཐོན་པ།
ཟླ་2ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་(གཡས་ཀྱི་གཉིས་པ་)སྨན་དོན་མི་སྣའི་རོགས་རམ་འོག་སྨན་ཁང་ནས་ཐོན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་སྨན་ཁང་དུ་བསྡད་ནས་སྨན་བཅོས་ཉིན་18བྱས་རྗེས། གཟུགས་པོའི་དྲོད་ཚད་རྒྱུན་གཏན་ལྟར་སླར་གསོ་བྱུང་བ་དང་། དབུགས་ལམ་གྱི་ནད་རྟགས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གློ་བའི་གཉན་ཚད་བསྡུ་ལེན་མངོན་གསལ་དོད་པོ་བྱུང་བ་།  ཉིང་སྐྱུར་གྱི་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་ཚང་མའི་ཐོག་ནས་ནད་རྒྱུ་མི་ཐོན་པས་དྲག་སྐྱེད་བྱུང་ཏེ་སྨན་ཁང་ནས་ཐོན་པའི་ཚད་གཞིར་སླེབས་པས། ཚེས་12ཉིན་དངོས་སུ་སྨན་ཁང་ནས་ཐོན་པ་རེད།
     ནད་པ་ཀྲང་ཆེ་གེ་མོ་ལོ་34ཡིན་པ་དང་། སྐྱེས་པ། ཧུའུ་པེ་ཞིང་ཆེན་སུའེ་ཀྲོའུ་གྲོང་ཁྱེར་ནས་ཡིན། ཟླ་1ཚེས་22ཉིན་ནས་ཚེས་24ཉིན་བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་དུ་ཡོང་། ཟླ་1ཚེས་25ཉིན་གྱི་དགོང་མོ་ཀྲང་ཆེ་གེ་མོར་གློ་ལངས་པ་དང་ཚ་བ་བརྒྱབ་པའི་ནད་རྟགས་ཐོན་པས་རང་འགུལ་ངང་བོད་རང་སྐྱོང་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་པས་སྨན་ཁང་དུ་ཉར་ནས་ལོགས་སུ་འཇོག་སྟེ་སྨན་བཅོས་བྱས་པ་རེད། ཟླ་1ཚེས་29ཉིན་ཀྲང་ཆེ་གེ་མོ་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་ཐོག་མ་དེ་ཡིན་པའི་གཏན་འཁེལ་བྱས་པ་རེད།
     མིག་སྔའི་བར་ཀྲང་ཆེ་གེ་མོ་ནི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་ནད་དཔེ་གཅིག་པུ་དེ་ཡིན་པ་དང་། དེ་སྨན་ཁང་ནས་ཐོན་རྗེས། བོད་ལྗོངས་སུ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་ནད་དཔེ་མེད་པར་འགྱུར་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། དེ་ཐོག་ནས་བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31གི་ནང་ནས་ཐོག་མར་གཏན་འཁེལ་བྱས་པའི་ནད་དཔེ་དང་དོགས་ཡོད་ནད་དཔེ་མེད་པར་བཟོས་པ་མཚོན་ཡོད།
     བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་ཚོགས་ཆུང་གིས་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད། མིག་སྔའི་བར་ནད་པའི་ལུས་པོའི་དྲོད་ཚད་རྒྱུན་གཏན་ལྟར་སླར་གསོ་བྱུང་ནས་ཉིན་14སོང་བ་དང་། དབུགས་ལམ་གྱི་ནད་རྟགས་ལེགས་སུ་ཕྱིན་པ། གཟུགས་བརྙན་རིག་པ་ལས་གློ་བའི་གཉན་ཚད་བསྡུ་ལེན་མངོན་གསལ་དོད་པོ་བྱུང་ཡོད་པ་བཅས་རེད། རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་ལ་སྨན་བཅོས་བྱེད་པའི་ཇུས་གཞི་གསར་ཤོས་ལ་གཞིགས་པ་དང་། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ལྷན་འཛོམས་ནད་དཔྱད་བྱས་པ་བརྒྱུད། ནད་པ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ཚད་གཞི་ལོན་ཡོད་པ་རེད།
ཟླ་2ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་(གཡས་ཀྱི་གཉིས་པ་)སྨན་དོན་མི་སྣའི་རོགས་རམ་འོག་སྨན་ཁང་ནས་ཐོན་པ།
ཟླ་2ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་(གཡས་ཀྱི་གཉིས་པ་)སྨན་དོན་མི་སྣའི་རོགས་རམ་འོག་སྨན་ཁང་ནས་ཐོན་པ། 
འདི་ནི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་སྨན་ཁང་ནས་ཐོན་རྗེས་མཐེ་བོང་སྒྲེང་ནས་སྨན་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ།
འདི་ནི་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་གཅིག་པུ་དེ་སྨན་ཁང་ནས་ཐོན་རྗེས་མཐེ་བོང་སྒྲེང་ནས་སྨན་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ།