འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎བོད་ཀྱི“ལྷ་སྨྱུག”གིས་ཝུའུ་ཧན་ལ་ཤུགས་བརྒྱབ་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ཀྱི“ལྷ་སྨྱུག”གིས་ཝུའུ་ཧན་ལ་ཤུགས་བརྒྱབ་རོགས་བྱས་པ།
     མི་དམངས་དྲ་བའི་འཕྲིན། འཛམ་གླིང་ཡང་རྩེར་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྐད་གཉིས་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས། དགེ་རྒན་ཚོས་ལག་ཐོགས་ཁ་པར་ཐོག་ནས་བརྒྱུད་བསྐུར་བྱས་པའི་སྐད་གཉིས་སློབ་ཚན“ཏོག་གསར་ནད་དུག་ཟེར་བའི་མི་ངན་ཞིག”དང་ཏོག་དབྱིབས་ནད་དུག་གི་གྲོས་འགོའི་ཡི་གེ་མཐོང་རྗེས། གཅིག་རྗེས་གཉིས་མཐུད་ངང་རི་མོ་འབྲི་བའི་སྨྱུ་གུ་འཁྱེར་ནས་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་ནད་ཡམས་འགོག་རྒོལ་གྱི་འཐབ་ས་དང་པོར་དམག་འཐབ་བྱེད་མཁན་སྨན་དོན་མི་སྣར་ཤུགས་བརྒྱབ་རོགས་བྱས་པ་དང་། ཨ་ཁུ་དང་ཨ་ནེ་ཚོས་གཟུགས་པོར་གཅེས་སྤྲས་བྱས་ནས་མགྱོགས་མྱུར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པའི་རེ་བ་བྱས་པ་རེད།  
     ཤེས་རྟོགས་བྱུང་བར་གཞིགས་ན། བུ་བཅོལ་ཁང་གི་དགེ་རྒན་གྱིས་ཕན་ཚུན་རིམས་ནད་མི་འགོ་ཆེད་ཁྱིམ་བདག་གི་སྐད་འཕྲིན་ཚོགས་པ་དང་མཛེས་རིས་ངོས་རྒྱ་སོགས་སྒུལ་བདེའི་ལས་སྟེགས་བརྒྱུད། རྒྱལ་ནང་གི་བྱིས་པའི་སློབ་གསོའི་ལས་སྟེགས་གཙོ་བོས་ཡོངས་བསྒྲགས་བྱས་པའི་ཚན་རིག་དང་མཐུན་པའི་རིམས་འགོག་ཤེས་བྱ་བོད་སྐད་དུ་བསྒྱུར་བ་དང་། སྒྲ་ཕབ་བཟོས་ནས་བྱིས་པར་རྒྱང་ཁྲིད་སློབ་ཁྲིད་བྱས་ཏེ། ཕྲུ་གུ་ཚོས་ཁྱིམ་བདག་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་ནད་དུག་གི་འབྱུང་ཁུངས་དང་ཁྱབ་འཕེལ་ཐབས་ལམ་ངོས་འཛིན་གསལ་པོ་ཡོང་བ་བྱས་ནས་རང་ཉིད་ཀྱི་འགོག་སྲུང་མཐོ་རུ་གཏོང་རྒྱུ་བསླབ་པ་རེད། 
【1】  【2】  【3】  【4】  【5】
༄༅༎བོད་ཀྱི“ལྷ་སྨྱུག”གིས་ཝུའུ་ཧན་ལ་ཤུགས་བརྒྱབ་རོགས་བྱས་པ།