འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎བསྟུད་མར་ཉིན་12རིང་། བོད་ལྗོངས་སུ་ནད་དཔེ་གསར་འཕར་བྱུང་མེད། རིམ་རྩིས་བྱས་ན་ནད་དཔེ་1གཏན་འཁེལ་བྱུང་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ་2ཚེས་11ཉིན་གྱི་སྔ་དྲོ་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། ཟླ་2ཚེས་10ཉིན་གྱི་ཆུ་ཚོད་24བར་བོད་རང་སྐྱོང་ལྗོངས་སུ་རིམ་རྩིས་བྱས་ན་ཏོག་གསར་ནད་དུག་འགོས་པའི་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ་1སྙན་སེང་འབྱོར་བ་རེད། ད་བར་གཏན་འཁེལ་བྱས་པའི་ནད་དཔེ་1དང་། ནད་གཞི་ལྕི་བའི་ནད་དཔེ་0   ཚེ་འདས་ནད་དཔེ་0 སྨན་ཁང་ནས་ཐོན་པའི་ནད་དཔེ་0བཅས་ཡིན་པ་རེད།    
     མིག་སྔའི་བར། ཝུའུ་ཧན་ནས་ཡིན་པའི་རུས་མིང་ཀྲང་ཟེར་བའི་ནད་པ་དེའི་ཚེ་སྲོག་བརྟན་པོ་ཡོད་པ་དང་། ཟླ་2ཚེས་8ཉིན་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་གྱི་གསོ་རིག་ལྟ་ཞིབ་མེད་པ་བཟོས་པ་རེད།
     དེར་བརྟེན་བོད་རང་སྐྱོང་ལྗོངས་སུ་ཉིན་12བསྟུད་མར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེའམ་ཡང་ན་དོགས་ཡོད་ནད་དཔེ་གསར་འཕར་བྱུང་བའི་སྙན་ཞུ་འབྱོར་མེད།