འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎ཟླ་2ཚེས་10ཉིན་གྱི་ཆུ་ཚོད་12ནས་24བར་ཡུན་ནན་ཞིང་ཆེན་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་གསར་པ་ཐོན་མེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཁྱབ་ཚུལ་རི་མོ། (ཟླ་2ཚེས་10ཉིན་གྱི་ཆུ་ཚོད་24བར)     
     ཟླ་2ཚེས་10ཉིན་གྱི་ཆུ་ཚོད་12ནས་24བར་ཡུན་ནན་ཞིང་ཆེན་གྱིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་དཔེ་གསར་དུ་འཕར་བ་དང་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ་གཅིག་ཀྱང་མེད་པའི་སྙན་ཞུ་བྱས་པ་རེད། 
     ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ནད་གཞི་གཏན་ཁེལ་བྱས་པའི་ནད་པ་149ཡོད་པ་དང་། སྨན་ཁང་ནས་ཐོན་མཁན་ལས་གཞན་ཚང་མ་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད། ད་ལྟ་ནད་གཞི་ཚབས་ཆེ་བའི་ནད་དཔེ་3དང་ནད་གཞི་ལྕི་བའི་ནད་དཔེ་15ཡོད་པ་དང་། སྨན་ཁང་ནས་ཐོན་པའི་ནད་དཔེ་19། དོགས་ཡོད་ནད་དཔེ་109།  ཚེ་འདས་ནད་དཔེ་མེད་པ་རེད། འབྲེལ་ཐུག་དམ་ཟབ་བྱེད་མཁན་569ལ་ཉིན་དེར་གསོ་རིག་ལྟ་ཞིབ་མེད་པར་བཟོས་པ་དང་། མི་3275ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
     ཡུན་ནན་ཞིང་ཆེན་གྱི་ཉིན་རེར་གསར་དུ་འཕར་ཞིང་གཏན་འཁེལ་བྱས་པའི་ནད་དཔེ་དང་སྨན་ཁང་ནས་ཐོན་པའི་ནད་དཔེ་དྲག་སྐྱེད་བྱུང་ཚུལ་གྱི་འཕེལ་ཕྱོགས།
     ནད་གཞི་གཏན་འཁེལ་བྱུང་བའི་ནང་ཁུན་མིང་གྲོང་ཁྱེར་གྱི་ནད་དཔེ་45དང་། ཞི་ཧྲོང་པན་ན་ཁུལ་གྱི་ནད་དཔེ་15 ཡུས་ཞི་གྲོང་ཁྱེར་གྱི་ནད་དཔེ་14 ཏ་ལི་ཁུལ་གྱི་ནད་དཔེ་13 ཀྲའོ་ཐུང་གྲོང་ཁྱེར་གྱི་ནད་དཔེ་12 ཆུས་ཅིང་གྲོང་ཁྱེར་གྱི་ནད་དཔེ་12 པའོ་ཧྲན་གྲོང་ཁྱེར་གྱི་ནད་དཔེ་9  ལི་ཅང་གྲོང་ཁྱེར་གྱི་ནད་དཔེ་7 ཧུང་ཧོ་ཁུལ་གྱི་ནད་དཔེ་6  ཏེ་ཧུང་ཁུལ་གྱི་ནད་དཔེ་5 ཁྲུའུ་ཞུང་ཁུལ་གྱི་ནད་དཔེ་4  ཕུའུ་ཨར་གྲོང་ཁྱེར་གྱི་ནད་དཔེ་4 ཝུན་ཧྲན་ཁུལ་གྱི་ནད་དཔེ་2 ལིན་ཚང་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད།