འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎སི་ཁྲོན་ལ་བསྡོམས་པས་ནད་དཔེ་417གཏན་འཁེལ་བྱས་ཤིང་12གསར་དུ་འཕར་ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་2ཚེས་10ཉིན་གྱི་ཆུ་ཚོད་0ནས་24ཡི་ཐོག་སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་12མང་དུ་ཕྱིན་པ་དང་། སྨན་ཁང་ནས་ཐོན་པའི་ནད་དཔེ་6མང་དུ་ཕྱིན་པ། ཚེ་འདས་ནད་དཔེ་གསར་པ་བྱུང་མེད་པ་བཅས་རེད།    
     ནད་གཞི་གཏན་འཁེལ་བྱས་པའི་ནང་དཀར་མཛེས་ཁུལ་གྱི་ནད་དཔེ་4དང་། ཀོང་ཨན་གྲོང་ཁྱེར་གྱི་ནད་དཔེ་2 ཏ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་2 ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་དཔེ་1 ལུའུ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་1 ནེ་ཅང་གྲོང་ཁྱེར་གྱི་ནད་དཔེ་1ནན་ཁྲུང་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད། 
     དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པའི་ནད་དཔེ་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་དཔེ་3དང་། དཀར་མཛེས་ཁུལ་གྱི་ནད་དཔེ་2 ནན་ཁྲུང་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད།     
     ཟླ་2ཚེས་10ཉིན་གྱི་ཆུ་ཚོད་24བར། སི་ཁྲོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་417སྙན་ཞུ་བྱས་པ་དང་། དེ་གྲོང་ཁྱེར(ཁུལ)21དང་རྫོང(གྲོང་ཁྱེར་དང་ཆུས)125དང་འབྲེལ་བ་ཡོད་པ་རེད།     
     ནད་གཞི་གཏན་འཁེལ་བྱས་པའི་ནད་པ་417ཁྲོད། སྨན་ཁང་དུ་བསྡད་དེ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་པའི་མི་334(དེའི་ནང་ནད་གཞི་ཚབས་ཆེན་ཡིན་པའི་ནད་པ་17)ཡོད་པ་དང་སྨན་ཁང་ནས་ཐོན་མཁན་82དང་མི་1ཚེ་ལས་འདས་པ་རེད།    
     ཉིན་དེར་མི་1388 ལ་གསོ་རིག་ལྟ་ཞིབ་མཚམས་བཞག་པ་དང་། ད་ཆ་མི་6104ཡིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།