འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་12ཉིན།

༄༅༎ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་12གཏན་འཁེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་12ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། སིར་པི་ཡའི་པེར་ཀེ་རེ་ཏེ་དང་། ཧྥ་རན་སེའི་པུའར་རི། པེར་ཀྲེམ་གྱི་ཨོ་སི་ཐན་ཏེ་བཅས་འགྲན་ཁུལ་གསུམ་དུ་གཉེར་བའི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་མཇུག་འགྲིལ་རྗེས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་རུ་ཁག་12ཚང་མ་ཐོན་ཞིང་། འགྲན་བསྡུར་བྱེད་ཐེངས་གསུམ་ཀར་རྒྱལ་ཁ་ཐོབ་པའི་ཀྲུང་གོའི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་རུ་ཁག་པེའར་ཀེ་ལའེ་ཏེའི་འགྲན་ཁུལ་གྱི་Bཚོགས་པའི་ཨང་དང་པོའི་གྲུབ་འབྲས་ཐོག་ནས་འགྲན་ཞུགས་རུ་ཁག་ནང་ཚུད་པ་རེད།
     ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་ཚུད་པའི་རུ་ཁག་12དེ་དག་ནི་ཨོ་སི་ཁྲུ་ལི་ཡ་དང་། པེར་ཀྲེམ། ཁ་ན་ཏ། ཀྲུང་གོ ཧྥ་རན་སེ། རི་པིན། ཧན་གོ ནི་ཀྲེ་རི་ཡ། ཕོ་ཏུའོ་ལི་ཀེ སིར་པི་ཡ། སི་ཕེན། ཨ་རི་བཅས་རེད།