འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་11ཉིན།

༄༅༎ཀན་སུའུ་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་4གསར་འཕར་བྱུང་བ་དང་རིམ་རྩིས་བྱས་ན་ནད་དཔེ་83ཡོད་པ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་11ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་9ཉིན་གྱི་ཆུ་ཚོད་20བར་ཀན་སུའུ་རུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་4གསར་འཕར་བྱུང་བ་དང་། ནད་དཔེ་གཏན་འཁེལ་བྱུང་བའི་ནང་། ཕིང་ལེང་གྲོང་ཁྱེར་དུ་ནད་དཔེ་3དང་། ཆིང་དབྱང་གྲོང་ཁྱེར་དུ་ནད་དཔེ་1ཡོད། དྲག་སྐྱེད་བྱུང་བའི་ནད་དཔེ་4གསར་འཕར་བྱུང་བ་དང་། འདས་གྲོངས་སོང་བའི་ནད་དཔེ་1གསར་འཕར་བྱུང་ཡོད། ཀན་སུའུ་རུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་83དང་། རིམ་རྩིས་བྱས་ན་སྨན་ཁང་ནས་དོན་པའི་ནད་དཔེ་16དང་། འདས་གྲོངས་སོང་བའི་ནད་དཔེ2 ནད་དཔེ་65གཏན་འཁེལ་སྨན་ཁང་དུ་ལོགས་སུ་འཇོག་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད། ལན་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ་21དང་། ཐེན་ཧྲུའེ་གྲོང་ཁྱེར་དུ་ནད་དཔེ་11 ཏིང་ཤིས་གྲོང་ཁྱེར་དུ་ནད་དཔེ་7 ཕིང་ལེང་གྲོང་ཁྱེར་དུ་ནད་དཔེ་7 ཀན་ལྷོ་ཁུལ་དུ་ནད་དཔེ་6 ལུང་ནན་གྲོང་ཁྱེར་དུ་ནད་དཔེ་4 པའེ་དབྱིན་གྲོང་ཁྱེར་དུ་ནད་དཔེ་4 ཆིང་དབྱང་གྲོང་ཁྱེར་དུ་ནད་དཔེ་3 ཀྲང་དབྱི་གྲོང་ཁྱེར་དུ་ནད་དཔེ་1 ཉིང་ཞ་ཁུལ་དུ་ནད་དཔེ་1བཅས་ཡོད་པ་དང་། ད་ལྟ་ནད་གཞི་ལྕི་བའི་ནད་དཔེ་6དང་ཉེན་ཚབས་ཆེ་བའི་ནད་དཔེ་1ཡོད་པ་རེད།
     དོགས་ཡོད་ནད་དཔེ་4གསར་འཕར་བྱུང་བའི་ནང་། ལན་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ་3དང་། ཀན་ལྷོ་ཁུལ་དུ་ནད་དཔེ་1མང་དུ་ཕྱིན་ཡོད། ད་ལྟ་ཡོད་པའི་དོགས་ཡོད་ནད་དཔེ་15ཡི་ནང་། ལན་ཀྲོའུ་གྲོང་ཁྱེར་དུ་ནད་དཔེ་9དང་། ཀན་ལྷོ་ཁུལ་དུ་ནད་དཔེ3 ཐེན་ཧྲུའེ་གྲོང་ཁྱེར་དུ་ནད་དཔེ1 ཕིང་ལེང་གྲོང་ཁྱེར་དུ་ནད་དཔེ1 ཏིང་ཤིས་གྲོང་ཁྱེར་དུ་ནད་དཔེ1བཅས་ཡོད་པ་རེད།
     མིག་སྔར་རིམ་རྩིས་བྱས་ན་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་3075རྗེས་སྙེག་ཐུབ་པའི་ནང་མི་2147ལ་གསོ་རིག་ལྟ་ཞིབ་མཚམས་འཇོག་བྱས་པ་དང་། དེ་བྱིངས་མི་928ཀྱིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།