མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་ཀྲུང་གོ་གསོ་རིག་ཚན་རིག་ཁང་ནད་རྒྱུ་སྐྱེ་དངོས་རིག་པ་ཞིབ་འཇུག་སུའོ་རུ་ཏོག་གསར་གློ་ཚད་རིམས་ནད་
སྔོན་འགོག་ཚོད་འཛིན་ཚན་ཞིབ་འགག་སྒྲོལ་ལ་རྟོག་ཞིབ་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་11ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་ཀྲུང་གོ་གསོ་རིག་ཚན་རིག་ཁང་ནད་རྒྱུ་སྐྱེ་དངོས་རིག་པ་ཞིབ་འཇུག་སུའོ་རུ་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཞིབ་འགག་སྒྲོལ་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་སྦྲགས། འཐབ་ས་དང་པོའི་ཚན་ཞིབ་མི་སྣར་འཚམས་འདྲི་གནང་བ་རེད།
     ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་འགན་ཁུར་བས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འཕེལ་རྒྱས་གནས་ཚུལ་སྙན་སེང་ཞུས་པ་དང་། ལི་ཁེ་ཆང་གིས་ཁོང་ཚོས་ཉིན་མཚན་བསྟུད་མར་དཀའ་སྤྱད་འབད་བརྩོན་གྱིས་འགག་སྒྲོལ་ཞིབ་འཇུག་བྱས་པར་ཁས་ལེན་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་བཀོད་སྒྲིག་ཐེངས་མང་བྱས་པ་ལག་ལེན་བསྟར་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ལྡན་གྱི་སྒོ་ནས་སྤེལ་བཞིན་ཡོད། སྔ་ཙམ་ཤེས་རྟོགས་བྱེད་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་གཅིག་སྡུད་ཐོག་སྨན་ཁང་དུ་ཉར་བ་དང་སྨན་བཅོས་བྱེད་པ་དང་། དོགས་ཡོད་ནད་པ་དང་། ཚ་བ་རྒྱས་པའི་ནད་པ། འབྲེལ་བ་ཟབ་མོ་ཡོད་མཁན་བཅས་གཅིག་སྡུད་ལོགས་འཇོག་དང་ལྟ་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། སྨན་ཁང་དུ་ཉར་བ་དང་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། འགོ་ཚད་དང་འཆི་ཚད་དམའ་རུ་ཧུར་ཐག་གཏོང་དགོས། རིམས་ནད་འགོག་རྒོལ་བྱེད་པར་དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་དགོས་ལ། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར་དེ་བས་བྱེད་དགོས། ཚན་ཞིབ་སྟོབས་ཤུགས་ཆེ་ཤོས་གཅིག་སྡུད་བྱེད་པ་དང་། མཉམ་སྒྲུབ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། འགོག་བཅོས་ཀྱི་དཀའ་གནད་ཆེ་ཤོས་སེལ་བ། ཚན་རིག་དང་མཐུན་ལ་གནད་སྨིན་གྱིས་རིམས་ནད་འགོག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     གློག་རྡུལ་ཕྲ་མཐོང་ཆེ་ཤེལ་ཚོད་ལྟ་ཁང་དུ་ཚན་ཞིབ་རུ་ཁག་གི་འགན་ཁུར་བས་ཏོག་གསར་གློ་ཚད་ཀྱི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་ལ་སྤྱོད་པའི་སྲོག་ཆགས་ཀྱི་དཔེ་དབྱིབས་དང་། ནད་དུག་ཁྱབ་ལམ་ཞིབ་འཇུག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པ་རེད། ལི་ཁེ་ཆང་གིས་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་པའི་གལ་ཆེ་ཤོས་ནི་ནད་དུག་ཁྱབ་ལམ་ལ་ཞིབ་འཇུག་དང་གསལ་པོ་ཤེས་པ་བྱེད་རྒྱུ་དེ་ཡིན་པས། དེ་ལྟར་བྱུང་ཚེ་ཕན་འབྲས་ལྡན་པའི་ངང་མཉམ་འགོག་མཉམ་བཅོས་ཐུབ་ནས། རྩ་ཆེའི་སྔོན་འགོག་ཚོད་འཛིན་གྱི་ཐོན་ཁུངས་དག་སྤྱོད་དགོས་སར་སྤྱོད་ཐུབ་པ་དང་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ་ཅེས་གསུངས་པ་དང་། ཁོང་གིས་ཚན་ཞིབ་མི་སྣར་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ནད་དུག་ཁྱབ་ལམ་སོགས་ཀྱི་ཐད་དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་སྤེལ་ཏེ་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་པར་ཕན་པ་ཡོད་པ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
     ནད་རྒྱུ་མ་ལག་སྐྱེ་དངོས་རིག་པའི་གཙོ་གནད་ཚོད་ལྟ་ཁང་དུ་ལི་ཁེ་ཆང་གིས་ནད་དུག་འགོག་པའི་སྨན་རྫས་གདམ་གསེས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། མིག་སྔར་གདམ་གསེས་བྱས་པའི་སྨན་རྫས་ནད་ཐོག་སྨན་བཅོས་ཚོད་ལྟར་སྤྱད་པ་དང་འབྲེལ། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་མི་འདྲ་བ་སྐོང་བའི་སྨན་རྫས་ཞིབ་བཟོ་བྱེད་བཞིན་པ་གསན་རྗེས། ལི་ཁེ་ཆང་གིས་ནུས་པ་ལྡན་པའི་སྨན་རྫས་ནི་ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་མཚོན་ཆ་གལ་ཆེན་ཞིག་དང་། ནད་པ་བཅོས་ཚད་མཐོ་རུ་གཏོང་བ་དང་འཆི་ཚད་ཉུང་དུ་གཏོང་བའི་འགག་རྩ་ཞིག་ཡིན་པས། རིམས་འགོག་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་ནད་པས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གསོ་རིག་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་ཞིབ་ལས་དོན་པས་དུས་ཚོད་དམ་འཛིན་གྱིས་ཕྱོགས་ཁག་གི་བློ་གྲོས་གཅིག་སྡུད་བྱེད་པ་དང་། ནད་ཐོག་སྨན་བཅོས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། དྲག་སྐྱེད་ནད་དཔེའི་སྨན་བཅོས་ཇུས་གཞིར་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་སྨན་རྫས་ཞིབ་བཟོ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་ལྷན་དུ་ཕེབས་པའི་འབྲེལ་ཡོད་བློ་མཐུན་ལ་ནུས་པ་ལྡན་པའི་སྨན་དང་དེ་བཞིན་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱེད་པར་མི་རྒྱུ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་མངགས་བཅོལ་གནང་བ་རེད། ལི་ཁེ་ཆང་གིས་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱེད་པར་ངེས་པར་དུ་ཚན་རིག་ལ་བརྩི་འཇོག་དང་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས། བདེ་འཇགས་ལྡན་པ་དང་ནུས་པ་ལྡན་པ་ཡོང་རྒྱུ་དེ་རྩ་བའི་ཚད་གཞིར་བརྩི་དགོས། ནུས་པ་ལྡན་པའི་སྨན་རྫས་ཡོད་ཚེ། ནད་པ་དྲག་སྐྱེད་ཐུབ་པ་དང་མང་ཚོགས་སེམས་རྣལ་དུ་འབེབས་ཐུབ་ཅེས་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས་རིམས་འགོག་ཐད་མུ་མཐུད་འབད་འཐབ་བྱེད་བཞིན་པའི་འཐབ་ས་དང་པོའི་ཚན་ཞིབ་མི་སྣར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཚན་ཞིབ་མི་སྣར་ཁྱེད་ཚོའི་ལས་གནས་ནི་འགག་རྩའི་ལས་གནས་ཡིན་པས། འགག་རྩའི་དུས་སུ་འགག་རྩའི་ནུས་པ་འདོན་པ་དང་། འཚོལ་ཞིབ་གསར་གཏོད་བྱེད་ཕོད་པ་བྱས་ནས་རིམས་ནད་འགོག་རྒོལ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་གོང་འོག་ཕྱར་བ་གྲུ་འདེགས་དང་། ཀུན་སེམས་གཅིག་སྒྲིལ། གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་སྐུལ་ལྕག་གནང་བ་རེད།

  
style="display:none;"