འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་9ཉིན།

༄༅༎སི་ཁྲོན་དུ་ནད་དཔེ་20གསར་དུ་འཕར་ཏེ། བསྡོམས་པས་ནད་དཔེ་321བྱུང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་07ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་2ཚེས་5ཉིན་གྱི་ཆུ་ཚོད་0ནས་24ཡི་བར་སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་20མང་དུ་ཕྱིན་པ་དང་། སྨན་ཁང་ནས་ཐོན་པའི་ནད་དཔེ་4མང་དུ་ཕྱིན་པ། ཚེ་འདས་ནད་དཔེ་གསར་པ་ཐོན་མེད།     
    ནད་གཞི་གཏན་འཁེལ་བྱས་པའི་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་དཔེ་5དང་། པ་ཀྲུང་གྲོང་ཁྱེར་གྱི་ནད་དཔེ་4ཏ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་3 ལུའུ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་2 དཀར་མཛེས་ཁུལ་གྱི་ནད་དཔེ་2 མེན་དབྱང་གྲོང་ཁྱེར་གྱི་ནད་དཔེ་1 ནེ་ཅང་གྲོང་ཁྱེར་གྱི་ནད་དཔེ་1ནན་ཁྲུང་གྲོང་ཁྱེར་གྱི་ནད་དཔེ་1དབྱི་པིན་གྲོང་ཁྱེར་གྱི་ནད་དཔེ་1བཅས་ཡོད་པ་རེད།     དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་པའི་ནད་པའི་ཁྲོད་ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་དཔེ་2དང་ནན་ཁྲུང་གྲོང་ཁྱེར་གྱི་ནད་དཔེ་2ཡོད་པ་རེད།     
     ཟླ་2ཚེས་5ཉིན་གྱི་ཆུ་ཚོད་24བར་སི་ཁྲོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་321སྙན་སེང་ཞུས་པ་དེ་གྲོང་ཁྱེར(ཁུལ)21དང་རྫོང(གྲོང་ཁྱེར་དང་ཆུས)120དང་འབྲེལ་བ་ཡོད་པ་རེད།     
     ནད་གཞི་གཏན་འཁེལ་བྱས་པའི་ནད་པ་321ཁྲོད་སྨན་ཁང་དུ་བསྡད་དེ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་པའི་མི་293(དེའི་ནང་ནད་གཞི་ཚབས་ཆེ་མཁན18ཡོད)ཡོད་པ་དང་སྨན་ཁང་ནས་ཐོན་མཁན་27དང་མི་1རྐྱེན་ལམ་དུ་ཤོར་བ་རེད།      
     ཉིན་དེར་མི་777ལ་གསོ་རིག་ལྟ་ཞིབ་མེད་པར་བཟོས་པ་དང་ད་ཆ་མི་6782ཀྱིས་གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།