མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་
ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་07ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ནས་སེ་ནེ་ཀལ་དང་མཉམ་དུ་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་། གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་ལག་གདང་དཔུང་སྦྲེལ་གྱིས་ཕྱོགས་ཡོངས་ནས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་གྱིས་ཀྲུང་ཧྥེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་ཐོག དེ་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་སཱ་ལེ་ཡིས་འཕྲིན་ཡིག་བཏང་ནས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་ངང་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དེར་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་ནན་བཤད་གནང་བ་རེད།
     དེ་སྔོན་སཱ་ལེ་ཕྱོགས་ནས་སྔ་རྗེས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བཏང་གནང་ནས། ཀྲུང་གོའི་དཔྱིད་གསར་དུས་ཆེན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུས་པ་དང་སྦྲགས། ཀྲུང་གོ་ཕྱོགས་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་འཚམས་འདྲི་དང་རྒྱབ་སྐྱོར་བྱེད་ཚུལ་ཡང་མཚོན་པར་བྱས་པ་རེད།

  
style="display:none;"