འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་6ཉིན།

༄༅༎སི་ཁྲོན་དུ་ནད་དཔེ་19གསར་དུ་འཕར་ཞིང་ཁྱོན་བསྡོམས་ནད་དཔེ་301ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་06ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་0ནས་24ཡི་བར་སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་གསར་པ་གཏན་འཁེལ་བྱས་པའི་ནད་དཔེ་19མང་དུ་ཕྱིན་པ་དང་སྨན་ཁང་ནས་བུད་པའི་ནད་དཔེ་9མང་དུ་ཕྱིན་ཡོད་པ་རེད།     
    ནད་གཞི་གཏན་འཁེལ་བྱས་པའི་ནང་ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་དཔེ་5དང་། ཏ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་4 པ་ཀྲུང་གྲོང་ཁྱེར་གྱི་ནད་དཔེ་3 དཀར་མཛེས་ཁུལ་གྱི་ནད་དཔེ་2 ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ནད་དཔེ་1 ལུའུ་ཀྲོའུ་གྲོང་ཁྱེར་གྱི་ནད་དཔེ་1 ནན་ཁྲུང་གྲོང་ཁྱེར་གྱི་ནད་དཔེ་1གཡག་རྔ་གྲོང་ཁྱེར་གྱི་ནད་དཔེ་1 ལིའང་ཧྲན་ཁུལ་གྱི་ནད་དཔེ་1བཅས་ཡོད་པ་རེད།     
   དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པའི་ནད་པའི་ཁྲོད་ཁྲེང་ཏུའུ་གྲོང་ཁྱེར་གྱི་ནད་པ་7དང་། མེན་དབྱང་གྲོང་ཁྱེར་གྱི་ནད་པ་1མེ་ཧྲན་གྲོང་ཁྱེར་གྱི་ནད་པ་1བཅས་ཡོད་པ་རེད།     
  ཟླ་2ཚེས་4ཉིན་གྱི་ཆུ་ཚོད་24བར་སི་ཁྲོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གི་གློ་ཚད་གསར་པ་གཏན་འཁེལ་བྱས་པའི་ནད་དཔེ་301སྙན་ཞུ་བྱས་པ་དེ་གྲོང་ཁྱེར(ཁུལ)21དང་འབྲེལ་བ་ཡོད་པ་རེད། དེའི་ནང་ཁྲེང་ཏུའུ་གྲོང་ཁྱེར་དུ་92དང་། ནན་ཁྲུང་གྲོང་ཁྱེར་དུ་28 ཀོང་ཨན་གྲོང་ཁྱེར་དུ་24 མེན་དབྱང་གྲོང་ཁྱེར་དུ་17 ཏ་ཀྲོའུ་གྲོང་ཁྱེར་དུ་17 ནེ་ཅང་གྲོང་ཁྱེར་དུ་15 པ་ཀྲུང་གྲོང་ཁྱེར་དུ་15 ཏེ་དབྱང་གྲོང་ཁྱེར་དུ12 ཕན་ཀྲི་ཧྭ་གྲོང་ཁྱེར་དུ་11 ལུའུ་ཀྲོའུ་གྲོང་ཁྱེར་དུ་10 དཀར་མཛེས་ཁུལ་ཏུ་10 ཙི་ཀུང་གྲོང་ཁྱེར་དུ་9 དབྱི་པིན་གྲོང་ཁྱེར་དུ་7 ལིའང་ཧྲན་ཁུལ་དུ་7 ཀོང་ཡོན་གྲོང་ཁྱེར་དུ་6 གཡག་རྔ་གྲོང་ཁྱེར་དུ་6 སུའེ་ཉིང་གྲོང་ཁྱེར་དུ་5 མེ་ཧྲན་གྲོང་ཁྱེར་དུ་5 ལེ་ཧྲན་གྲོང་ཁྱེར་དུ་2 ཙི་དབྱང་གྲོང་ཁྱེར་དུ་2 རྔ་བ་ཁུལ་དུ་1བཅས་ཡོད་པ་རེད།     ནད་པ་301གི་ཁྲོད་ཉེན་ཁ་ཆེ་མཁན་14དང་། 1ཤི་བ། སྨན་ཁང་ནས་བུད་མཁན་23བཅས་དང་། ཉིན་དེར་གསོ་རིག་ལྟ་ཞིབ་བྱེད་མཁན་824གློད་གྲོལ་བཏང་བ་དང་ད་ཆ་མི་6393གྱིས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་པ་རེད།