འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་5ཉིན།

༄༅༎བོད་ཀྱི་ལས་རིགས་ཁག་གིས་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་ནས་རིམས་ནད་འགོག་རྒོལ་དམག་ འཐབ་ནང་ཧུར་ཐག་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་05ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་རྗེས། ཧུའུ་པེའི་ས་ཁུལ་མང་པོ་ཞིག་ཏུ་སྨན་བཅོས་འགོག་བཅོས་ཀྱི་དངོས་རྫས་དཀོན་པོ་ཆགས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཧུའུ་པེའི་ཝུའུ་ཧན་སོགས་རིམས་ནད་ཐོན་མང་བའི་ས་ཁུལ་ལ་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པར་རམ་འདེགས་བྱས་པ་རེད།
     2015ལོར་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་རྗེས་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཆུས་སྲིད་གཞུང་གིས་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། མ་དངུལ་བཏང་ནས་གཉའ་ནང་རྫོང་གི་གེགས་རྗེས་བསྐྱར་སྐྲུན་ལ་རོགས་སྐྱོར་བྱས་པ་རེད། གཉའ་ནང་རྫོང་ཨུད་ཀྱི་ཧྲུའུ་ཅི་དོན་གྲུབ་ཀྱིས་ད་ཐེངས་ཝུའུ་ཧན་ལ་རིམས་ནད་ཐོན་རྗེས་གཉའ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཝུའུ་ཁྲང་ཆུས་ལ་མི་དམངས་ཤོག་སྒོར་ཁྲི་50དང་། བོད་ནས་བཟོས་པའི་རིམས་འགོག་སྨན་རྫས་ཁག་གཅིག་ཞལ་འདེབས་བརྒྱབ་པ་ཡིན་ཞེས་བརྗོད་པ་རེད།
     ཟླ་1ཚེས་24ཉིན། ཧྲའན་ཤིས་ཞན་དབྱང་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་ལས་བཟོ་170ཡིས་རང་འགུལ་ངང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་རྒྱུའི་རེ་བ་ཞུས་ཤིང་། མཐར་སྦྲིད་སྨན་ཚན་ཁག་གི་སྨན་གཡོག་རའོ་ཁུན་ཞན་དབྱང་གྲོང་ཁྱེར་གྱིས་ཝུའུ་ཧན་ལ་རོགས་སྐྱོབ་བྱེད་པའི་སྨན་དོན་མི་སྣའི་རུ་ཁག་ཁག་དང་པོའི་ནང་ཞུགས་ནས་ཐོན་ཡོད། ཁོང་ནི་ཝུའུ་ཧན་དུ་འཛོམས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་མཁནབོད་ཁོངས་ཀྱི་མི་དང་པོར་གྱུར་པ་རེད། ཝུའུ་ཧན་དུ་འབྱོར་བའི་ཉིན་ནི་རའོ་ཁུན་ལོ་23ལ་སླེབས་པའི་སྐྱེས་སྐར་ཡིན་པ་རེད།
     དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཁེ་ལས་ཏེ། ཆེས་བྲིན་བོད་སྨན་ཚོགས་པས་ཁྱོན་སྒོར་ཁྲི་50རི་བའི་བོད་སྨན་སྒམ་320ཞལ་འདེབས་བརྒྱབ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱས་པ་རེད།