འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་5ཉིན།

༄༅༎སི་ཁྲོན་ལ་གློ་ཚད་གསར་པའི་གཏན་ཁེལ་ནད་དཔེ254ཟིན་ཞིང་23འཕར་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་04ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཟླ་2ཚེས་2ཉིན《ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་སྨན་བཅོས་ཇུས་གཞིའི》གཏན་འབེབས་ལྟར། ནད་དཔེ་ནད་ཐོག་སྨན་བཅོས་ཀྱི་མངོན་ཚུལ་གཞིར་བཟུང་། རིམས་ནད་རིག་པའི་ལོ་རྒྱུས་དང་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་དཔེ་གཏན་འཁེལ་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ཞིང་ཆེན་དེར་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་དཔེ་གསར་པ་23གསར་དུ་གཏན་འཁེལ་བྱས་པ་རེད།     ཟླ་2ཚེས་2ཉིན་གྱི་ཆུ་ཚོད་24བར་སི་ཁྲོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་254སྙན་ཞུ་བྱས་པ་དང་། དེ་ནི་གྲོང་ཁྱེར(རང་སྐྱོང་ཁུལ)21དང་འབྲེལ་བ་ཡོད་པ་རེད། དེའི་ནང་ཁྲེང་ཏུའུ་གྲོང་ཁྱེར་ལ་77དང་། ནན་དབྱང་གྲོང་ཁྱེར་ལ་26 ཀོང་ཨན་གྲོང་ཁྱེར་ལ་21 མེན་དབྱང་གྲོང་ཁྱེར་ལ་17 ནེ་ཅང་གྲོང་ཁྱེར་ལ་12 པ་ཀྲུང་གྲོང་ཁྱེར་ལ་12 ཏ་ཀྲོའུ་གྲོང་ཁྱེར་ལ་11 ཕན་ཀྲི་ཧྭ་གྲོང་ཁྱེར་ལ་10 ཏེ་དབྱང་གྲོང་ཁྱེར་ལ་10 ཙི་ཀུང་གྲོང་ཁྱེར་ལ་9 ལུའུ་ཀྲོའུ་གྲོང་ཁྱེར་ལ་7 དབྱི་པིན་གྲོང་ཁྱེར་ལ་6 དཀར་མཛེས་ཁུལ་ལ་6 ལིའང་ཧྲན་གྲོང་ཁྱེར་ལ་5 སུའེ་ཉིང་གྲོང་ཁྱེར་ལ་5 ཡ་ཨན་གྲོང་ཁྱེར་ལ་5 མའེ་ཧྲན་གྲོང་ཁྱེར་ལ་3 ལེ་ཧྲན་གྲོང་ཁྱེར་ལ་2 ཙི་དབྱང་གྲོང་ཁྱེར་ལ་2 རྔ་བ་ལ་1བཅས་ཡོད་པ་རེད།     ནད་པ་254ཡི་ཁྲོད་ཉེན་ཁ་ཆེ་བའི་མི་9ཡོད་པ་དང་། མི་1རྐྱེན་ལམ་དུ་ཤོར་བ། མི་12དྲག་སྟེ་སྨན་ཁང་ནས་བུད་པ། གསོ་རིག་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད་མཁན་6001དང་ཉིན་དེར་གསོ་རིག་ལྟ་ཞིབ་དང་ལེན་བྱེད་ཁོངས་ནས་གློད་མཁན་288བཅས་ཡོད།