འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་3ཉིན།

༄༅༎ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས
་དམག་དཔུང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་
འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་བརྡ་ཐོ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་03ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་དབྱང་དམག་ཨུད་ཀྱིས《ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དམག་དཔུང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་རང་འགུལ་ངང་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་ཀྱི་མཛུབ་སྟོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་གྱིས་ཏང་དང་མི་དམངས་ཀྱིས་དམག་དཔུང་ལ་སྤྲད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགན་མཐའ་གཅིག་ཏུ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
     《བརྡ་ཐོའི》ནང་བསྟན་དོན། རིམ་ཁག་ཏང་ཨུད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དམག་དཔུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་འཁུར་དགོས་དོན་ནི་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཡིན་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་པའི་དོན་དངོས་ཀྱི་བླང་བྱ་ཡིན་པ། འགག་རྩའི་དུས་སུ་མི་དམངས་བུ་ཕྲུག་དམག་ལ་ལྡན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་བཅས་ལ་ངོས་འཛིན་གསལ་པོ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཏན་ཏིག་བྱེད་པ་དང་། དམག་ཨུད་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བཅས་བྱེད་དགོས།
     《བརྡ་ཐོའི》ནང་ནན་བཤད་བྱས་དོན། བཀའ་བཀོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་བཀའ་རྒྱ་འབྱོར་འཕྲལ་བྱ་སྤྱོད་སྤེལ་བ་དང་། འགན་འཁྲི་ལྕི་པོ་འཁུར་ཕོད་པ། དམག་འཐབ་དྲག་པོ་རྒྱག་ཕོད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གདོང་ལེན་རུ་ཁག་དང་འཕྲལ་རྒོལ་རུ་ཁག་ཡག་པོ་བྱེད་དགོས། དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་དམངས་ཀྱི་ཁེ་ཕན་ཐམས་ཅད་ལས་ལྷག་པར་བརྩི་རྒྱུ་བློ་ལ་བརྟན་པོར་འཆང་བ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགོག་སྲུང་བ་དང་སྲུང་སྐྱོང་བ་བྱེད་ཕོད་པ་བྱས་ཏེ། མི་དམངས་བུ་ཕྲུག་དམག་གི་ཐོག་མའི་བསམ་འདུན་དང་རང་གཤིས་མངོན་པར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་དམག་སྲིད་མཉམ་རོགས་དམག་འཐབ་དང་དམག་དམངས་མཐུན་སྒྲིལ་དམག་འཐབ་ཡག་པོ་རྒྱག་དགོས།
     《བརྡ་ཐོའི》ནང་། སྒྲིག་ཁྲིམས་སྒྲིག་ལམ་ནན་པོ་བསྲུང་རྒྱུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་སྲུང་གལ་ཆེན་དུ་བརྩིས་ཏེ། དམག་དཔུང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཕྱོགས་ཁག་དང་བརྒྱུད་རིམ་ཡོངས་ལ་དོན་འཁྱོལ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དཔའ་ངར་ཆེར་བསྐྱེད་དང་། དཔའ་མཛངས་རྟུལ་ཕོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས། འགོ་ཁྲིད་ལས་བྱེད་པས་གོང་གིས་འོག་གི་སྣེ་ཁྲིད་པ་དང་། ལས་གནས་བརྟན་སྲུང་། མདུན་ཕྱོགས་ནས་བཀོད་འདོམས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱ་ཆེའི་དཔོན་དམག་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ལས་འགན་ཧུར་ཐག་བསྒྲུབས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་རྒྱུགས་ལན་ཚད་ལོན་པ་འབུལ་དགོས་ལུགས་ཁ་གསལ་བསྟན་ཡོད།