འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།གློ་ཚད་གསར་པ་འགོས་མཁན་གྱིས་དམིགས་བསལ་གྱི་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱ་ཆོག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་གསལ། ཐེངས་འདིའི་རིམས་ནད་ཀྱི་ཁྱད་ཆོས་ལ་དམིགས་ནས། ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ནད་པ་ལ་དམིགས་བསལ་གྱི་སྨན་བཅོས་འགན་བཅོལ་རྩིས་ཞུའི་སྲིད་ཇུས་ལག་བསྟར་བྱས་འདུག
   ཤེས་རྟོགས་བྱུང་བར་གཞིགས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་ཆོད་བཀོད་སྒྲིག་ལ་གཞིགས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཉེ་ཆར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་བཅོས་པའི་འགན་སྲུང་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། གོམ་གང་མདུན་སྤོས་ངང་ཧུའུ་པེ་སོགས་ས་ཁུལ་གྱི་སྨན་བཅོས་འགན་བཅོལ་སྡེ་ཁག་ལ་མཛུན་སྟོན་ཤུགས་སྣོན་བྱས་པ་དང་། རྒྱལ་ཡོངས་སྨན་བཅོས་འགན་བཅོལ་མ་ལག་གིས་“ཁག་ཐེག་གཉིས་”ལ་གཞིགས་ནས་ནད་བཅོས་འགན་སྲུང་བྱེད་དགོས་པ་དང་། སྨན་རིན་གྱི་རྐྱེན་གྱིས་ནད་པས་དུས་ཐོག་ཏུ་ནད་བཅོས་བྱེད་མི་ཐུབ་པའི་གནད་དོན་མི་བྱུང་བ་ཁག་ཐེག་དགོས་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་འགན་བཅོལ་གྱི་བསྡོམས་གྲངས་སྔོན་རྩིས་དོ་དམ་སྒྲིག་སྲོལ་གྱིས་སྨན་བཅོས་ལ་ཤུགས་རྐྱེན་ཐེབས་མི་ཐུབ་པ་ཁག་ཐེག་དགོས་པའི་བླང་བྱ་བཏོན་ཡོད།
    རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཀྱི་ནད་པའི་དམིགས་བསལ་རྩིས་ཞུའི་སྲིད་ཇུས་ཞིབ་ཕྲ་ནི་འདི་ལྟ་སྟེ། གཅིག་ནི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་འགོས་པའི་གློ་ཚད་ནད་བཅོས་ཀྱི་ཇུས་འགོད།》ལ་གཏོགས་པའི་སྨན་དང་སྨན་བཅོས་ཞབས་ཞུའི་དོན་ཚན་དང་། ཡོད་ཚད་སྐབས་ཐོག་ཏུ་སྨན་བཅོས་འགན་བཅོལ་ཐེབས་རྩས་རྩིས་སྤྲོད་ཀྱི་ཁྱབ་ཁོངས་སུ་བསྡུས་པ་དང་། གཉིས་ནི་དུས་ཐོག་ཏུ་ནད་པའི་སྨན་རིན་རྩིས་སྤྲོད་བྱ་རྒྱུ། ཁྱད་པར་དུ་སྨན་བཅོས་རོགས་སྐྱོབ་ཐེབས་རྩའི་མཐའ་སྐྱོང་འགན་སྲུང་ནུས་པ་འདོན་པ་དང་། ནད་པའི་སྨན་བཅོས་ཐད་ཀྱི་སེམས་ཁུར་མེད་པ་བྱས་ཡོད། ས་ཆ་གཞན་དུ་སྨན་བཅོས་བྱེད་བཞིན་པའི་ནད་པ་ལ་སྨན་བཅོས་སྔོན་ལ་བྱས་རྗེས་རྩིས་རྒྱུག་རྒྱུ། རྩིས་ཞུ་ལ་ས་ཆ་གཞན་ནས་ཕྱིར་སྨན་བཅོས་བྱེད་པར་བསྒྱུར་བའི་བསྡུར་ཚད་ཉུང་འཕྲི་བྱེད་པའི་གཏན་འབེབས་ལག་བསྟར་མི་བྱེད་པ་དང་།ནད་པ་འགྲོ་འོང་བྱེད་པ་ལས་ནད་འགོས་པའི་ཉེན་ཁ་ཉུང་དུ་གཏོང་བ། གསུམ་ནི་གཅིག་འདུས་སྨན་བཅོས་ཀྱི་སྨན་ཁང་དུ། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་སྔོན་དུ་མ་དངུལ་སྤྲད་ནས་སྨན་ཁང་གི་སྨན་རིན་སྔ་འདོན་གྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་། ནད་པའི་སྨན་རིན་ནི་སྨན་ཁང་གི་སྤྱིའི་སྔོན་རྩིས་ཚོད་འཛིན་དམིགས་ཚད་དུ་འགོད་རྒྱུ་མིན་པ་བཅས་རེད།