འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།རྒྱལ་ཡོངས་སུ་དཔེ་གསར་གྱི་གློ་ཚད་ནད་དཔེ་319ཐོན་པ་གཏན་འཁེལ་བྱས་ཤིང་། ཧུའུ་པེ་ནས་ནད་
དཔེ་270དང་པེ་ཅིང་ནས་ནད་དཔེ་10ཐོན་ཡོད། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། 《མི་དམངས་ཉིན་རེའི་ཚགས་པར་》ཁྲིམས་མིའི་པོད་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔེ་གསར་གྱི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་པ་ཕྱོགས་བསྡུས་བྱས་པ་སྟེ། ཟླ་1ཚེས་21ཉིན་གྱི་ཆུ་ཚོད་23ཐོག ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་ནད་དཔེ་319ཐོན་ཡོད་པ་དང་། དེའི་ཁྲོད། ཧུའུ་པེ་ནས་ནད་དཔེ་270དང་། པེ་ཅིང་ནས་ནད་དཔེ་10 ཀོང་ཏུང་ནས་ནད་དཔེ་17 ཧྲང་ཧའེ་ནས་ནད་དཔེ་6  ཀྲེང་ཅང་ནས་ནད་དཔེ་5 ཐེན་ཅིན་ནས་ནད་དཔེ་2 ཧོ་ནན་ནས་ནད་དཔེ་1 ཁྲུང་ཆིང་ནས་ནད་དཔེ་5 སི་ཁྲོན་ནས་ནད་དཔེ་1 ཧྲན་ཏུང་ནས་ནད་དཔེ་1 ཐའེ་དབན་ནས་ནད་དཔེ་1བཅས་ཐོན་ཡོད་པ་རེད།