འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།བོད་ལྗོངས་མངའ་རིས་སུ་གངས་ཆེན་པོ་བབས་ནས་འགྲིམ་འགྲུལ་འགག་པས་དྲག་ཆས་ཉེན་རྟོག་
པ་ཚོས་ཆུ་ཚོད་11ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ལམ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མངའ་རིས་སུ་གངས་ཆེན་པོ་བབས་ནས་འགྲིམ་འགྲུལ་འགག་པས་དྲག་ཆས་ཉེན་རྟོག་
པ་ཚོས་ཆུ་ཚོད་11ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ལམ་ཤར་གཏོང་ཐུབ་པ།
     2020ལོའི་ཟླ་1ཚེས་16ཉིན་གྱི་ཆུ་ཚོད་12ཙམ་ལ། ལྷོ་རྒྱུད་ཀྱི་རླུང་ཤུགས་རྐྱེན་གྱིས་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་སུ་གངས་ཆེན་པོ་བབས་ནས་ས་ཁོངས་ནང་གི་རྒྱལ་ལམ་564ཡི་སྤུ་ཧྲེང་ཉིང་ལག་ལམ་དུམ་དང་རྒྱལ་ལམ་219ལམ་ཐིག་གི་འགྲིམ་འགྲུལ་འགག་པ་དང་། ཆ་སྙོམས་གངས་གསོག་ཚད་ལི་སྨི40ཟིན་པ། ས་ཆ་ཁག་གཅིག་ཏུ་ལྷགས་པ་བརྒྱབ་ནས་གངས་གསོག་ཐེབས་ཚད་སྨི་1.5ཙམ་ཟིན་ཡོད། གནོད་འཚེ་ཐོན་རྗེས་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པའི་ལམ་སྐྱོང་རུ་ཆེན་གསུམ་པས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ལྡུག་འཁོར་དང་གངས་འབུད་འཕྲུལ་འཁོར་སོགས་ཀྱི་རོགས་སྐྱོབ་འཕྲུལ་འཁོར་གནས་ཚུལ་ཐོན་ཡུལ་དུ་བཏང་སྟེ་རོགས་སྐྱོབ་ལས་ལ་གཞོལ་ཞིང་། འདི་ནི་2020ལོའི་ཟླ་1ཚེས་17ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་གིས་གངས་འབུད་འཕྲུལ་འཁོར་བཏང་ནས་ལམ་ངོས་ཀྱི་གངས་གསོག་གཙང་སེལ་བྱེད་བཞིན་པ།