འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་དཔྱིད་གསར་ རིག་རྩལ་མཚན་ཚོགས་ཐན་ཙན་ནི་ཡར་
འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་དཔྱིད་གསར་རིག་རྩལ་མཚན་ཚོགས་ཚེས་18ཉིན་གྱི་དགོང་མོ་ཐན་ཙན་ནི་ཡའི་ཏ་རེ་སི་ས་ལམ་གྲོང་ཁྱེར་གྱི་ཉི་ལེའར་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་འཚོགས་པ་རེད། ཐན་ཙན་ནི་ཡའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ས་གནས་དེ་གའི་མཛའ་གྲོགས་མི་སྣ་སོགས་ཆིག་སྟོང་ཙམ་མཉམ་འཛོམས་ཀྱིས་ཀྲུང་གོའི་ལུགས་རྙིང་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།
     ཐན་ཙན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཡིས་མཚན་ཚོགས་ཐོག་ཤིས་ཚིག་སྒྲོན་སྐབས“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་དཔྱིད་གསར་གྱི་རིག་རྩལ་མཚན་ཚོགས་ཐན་ཙན་ནི་ཡར་སྐབས་11གཉེར་བ་དེ་ཀྲུང་ཐན་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྤུས་རྟགས་གལ་ཆེན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྣེ་འཁྲིད་འོག་ཀྲུང་ཐན་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་ཚོང་དོན་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་ཟམ་མི་ཆད་པར་ཐེབས་པ། རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད། ལོ་གསར་པའི་ནང་ཀྲུང་ཐན་གྱི་སྲོལ་རྒྱུན་མཛའ་གྲོགས་དང་མཛའ་མཐུན་མཉམ་ལས་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བྱུང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།