འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་བསྟན་དོན། དཔྱིད་གསར་སྐྱེལ་འདྲེན་རིང་ཀྲུང་གོའི་སྤྱི་
དམངས་ཕྱི་རྒྱལ་དུ་རླངས་འཁོར་བཏང་ནས་སྐྱོད་མཁན་མི་ཐེངས་ཁྲི་160ཟིན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། འཆར་ལ་ཉེ་བའི་2020ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཕྱི་རྒྱལ་དུ་རླངས་འཁོར་བཏང་སྟེ་སྐྱོད་མང་ཤོས་ཀྱི་དུས་ཚོད་ལ་དམིགས་ནས། སྤྱི་བདེ་པུའི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས《2020ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ཕྱི་རྒྱལ་དུ་རླངས་འཁོར་བཏང་ནས་སྐྱོད་པའི་ཕྱོགས་སྟོན》སྒྲིག་འཛུགས་ཀྱིས་ཞིབ་འཇུག་རྩོམ་འབྲི་བྱས་པ་དང་། དཔྱིད་གསར་སྐྱེལ་འདྲེན་རིང་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་རླངས་འཁོར་བཏང་སྟེ་སྐྱོད་པའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ནས་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་རླངས་འཁོར་བཏང་ནས་སྐྱོད་པར་ཁྲིད་སྟོན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་རླངས་འཁོར་བཏང་སྟེ་སྐྱོད་མཁན་མི་ཐེངས་ཁྲི་160ཟིན་ནས་དུས་ཚོད་དང་། ཚོགས་པ། འགྲོ་ཕྱོགས་བཅས་གཅིག་སྡུད་ཆེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་སྲིད།
     ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་1ཚེས་20ཉིན་ནས་བཟུང་། ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་རླངས་འཁོར་བཏང་སྟེ་སྐྱོད་མཁན་མི་ཐེངས་བརྟན་པོའི་ངང་འཕར་བ་དང་། ལོ་གསར་གྱི་གནམ་གང་དང་། ལོ་གསར་ཚེས་3ནས་5ཉིན་བར་ནི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་སྒེར་འཁོར་བཏང་ནས་མང་ཤོས་སྐྱོད་པའི་དུས་ཚིགས་རེད། དུས་ཚོད་ཀྱི་ཁྱབ་ཁོངས་ཐད་ནས་བལྟས་ན། ཉིན་གཅིག་ནས་གསུམ་བར་སྒེར་འཁོར་བཏང་སྟེ་སྐྱོད་མཁན་ཁྱབ་ཆེ་ཤོས་ཡིན་པ་དང་། ལོ་ནའི་གྲུབ་ཆའི་ཐད་ནས་བལྟས་ན། 80པའི་ནང་སྐྱེས་ཀྱི་ཚོགས་པ་ནི་ཕྱི་རྒྱལ་དུ་སྒེར་འཁོར་བཏང་སྟེ་སྐྱོད་མཁན་གྱི་ཚོགས་པ་གཙོ་བོ་ཡིན་པ་དེའི་བསྡུར་གྲངས་45.16%ཟིན་པ། 60པའི་ནང་སྐྱེས་ཀྱི་རླངས་འཁོར་བཏང་སྟེ་སྐྱོད་མཁན་མི་ཐེངས་ཅུང་འཕར་བ་དེའི་བསྡུར་གྲངས་8.45%ཟིན་པ། ཕོ་མོའི་གྲུབ་ཆའི་ཐད་ནས་བལྟས་ན། བུད་མེད་ཀྱི་ཚོགས་པ་ཕྱི་རྒྱལ་དུ་སྒེར་འཁོར་བཏང་སྟེ་སྐྱོད་མཁན་མི་ཐེངས་ཀྱི་བསྡུར་གྲངས་མུ་མཐུད་འཕར་ནས་45.26%ཟིན་སྲིད།