འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་22ཉིན།

༄༅།།2019ལོའི་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དོན་ཆེན་བཅུ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་དར་སྤེལ་བཏང་ནས་རང་རྒྱལ་གྱི་སྣོད་བཅུད་འཛུགས་སྐྱོང་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་སྟོན་ཆེད། གོང་ཚེས་ཉིན་ཀྲུང་གོ་སྣོད་བཅུད་ཤེས་དཔལ་ཞིབ་འཇུག་དང་སྐུལ་སྤེལ་ཚོགས་འདུའི་ཐོག་2019ལོའི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དོན་ཆེན་བཅུ་ཡོངས་བསྒྲགས་བྱས་པ་རེད།
     དོན་ཆེན་བཅུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཅིག་རེ་བཞིར”བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེན་རང་བཞིན་ནན་བཤད་གནང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་ནས་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བླང་བྱ་བཏོན་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས“འཛམ་གླིང་སྣོད་བཅུད་ཤེས་དཔལ”དང་། “རྒྱ་མཚོའི་སྣོད་བཅུད་ཤེས་དཔལ” “རྒྱ་མཚོའི་ལས་དབང་གཅིག་མཐུན་འདུས་གྲུབ”བཅས་ཐོག་མར་བཏོན་གནང་བ། འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་སྟོན་ཚོགས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱས་པ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་གྱུར་པ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུལ་སྲུང་སྐྱོང་ལྟ་ཞིབ་རེས་སྐོར་གཉིས་པ་བྱེད་འགོ་ཚུགས་པ། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་བྱ་དགའི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྐབས་གཉིས་པ་ཀྲེ་ཅང་ཧང་ཀྲོའུ་འཛམ་གླིང་ཁོར་ཡུག་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོར་སྤེལ་བ། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི(COP15)བརྗོད་དོན་གཙོ་བོ“སྣོད་བཅུད་ཤེས་དཔལ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན”གཏན་འབེབས་བྱས་པ། སྣོད་བཅུད་ཁོར་ཡུག་པུས་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གསུམ་པ་དང“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞིའི་སྒོ་བྱང་བཀལ་ནས་མིང་བཏགས་པ་བཅས་ཚུད་ཡོད་པ་རེད།