འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་21ཉིན།

༄༅།།ངོགས་གཉིས་གཅིག་གྱུར་ཡོང་བའི་ཆོད་སེམས་དང་ཡིད་ཆེས་གཡོ་འགུལ་མེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་20ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝང་དབྱི་ཡིས་ཕྱི་འབྲེལ་པུའུ་ཡི་2020ལོའི་ལོ་གསར་སྣེ་ལེན་ཚོགས་འདུའི་ཐོག་ནས་བསྟན་དོན། “ཀྲུང་གོ་གཅིག”གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱི་ཁྱབ་ཀྱི་ངོས་འཛིན་ཡིན་ལ། སྤྱི་བའི་ངོས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་ཡང་རེད། ཐའེ་ཝན་གླིང་ཕྲན་ནང་ཁུལ་གྱི་གནས་ཚུལ་ཇི་ལྟར་འགྱུར་ལྡོག་བྱུང་རུང་། ཐའེ་ཝན་ནི་ཀྲུང་གོ་དང་ཁ་བྲལ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་དང་ཁྲིམས་ལུགས་དོན་དངོས་བསྒྱུར་ཐབས་མེད་ཅིང་། ཀྲུང་གོ་སྲིང་གཞུང་དང་མི་དམངས་ཀྱིས་ངོགས་གཉིས་གཅིག་གྱུར་ཡོང་བའི་རེ་ཐབས་ཀྱི་ཆོད་སེམས་དང་ཡིད་ཆེས་རྩ་བ་ནས་གཡོ་འགུལ་བྱེད་མི་སྲིད།