འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་21ཉིན།

༄༅།།ལྗང་མདོག་བཟོ་སྐྲུན་གྱིས་མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་
སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་བཟོ་སྐྲུན་མ་ལག་ནུས་ལྡན་བཏོད་ནས་ལྗང་མདོག་བཟོ་སྐྲུན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ཡོད། ཁེ་ལས་10རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭའི་ནང་བཅུག་པ་དང་གླིང་ཁུལ་4ལྗང་མདོག་རྒྱལ་ཁབ་རིམ་པའི་གླིང་ཁུལ་ནང་བཅུག་ནས་མཚོ་སྔོན་ཞིང་ཆེན་གྱི་བཟོ་སྐྲུན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྣེ་ཁྲིད་བྱས་ཡོད། 2019ལོར། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུའི་ཟད་གྲོན་བསྡོམས་འབོར་ཚོད་འཛིན་དང་ཤུགས་ཚད་ཚོད་འཛིན་གྱི“ཚོད་འཛིན་ཟུང”གི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
     མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་ནུས་རྒྱུ་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད་ཁྲུའུ་ཡི་ཁྲུའུ་ཀྲང་ཏིང་ཀྲེ་ཡུང་གིས“མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱི་ནུས་རྒྱུ་གྲོན་ཆུང་གི་མ་དངུལ་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་སྒྱུར་བཀོད་དང་། ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་དོ་དམ། ནུས་རྒྱུ་གྲོན་ཆུང་གི་ལྗང་མདོག་འཕེལ་རྒྱས་གཅིག་སྡུད་བཅས་ཀྱི་རྣམ་གྲངས་ལ་སྔར་བས་སྐུལ་འདེད་བཏང་ནས་ལས་དོན་མང་ཙམ་བསྒྲུབས་ཏེ། ཁེ་ལས་ཀྱི་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཐོག་མ་གནས་དམའ་རུ་བཏང་ནས་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་གསར་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།