འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་21ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2019ལོའི“ཡིད་རྟོན་སྐར་ཆེན”
ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་21ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཡིད་རྟོན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་ལག་བསྟར་རྩ་གནད》ལག་བསྟར་དོན་འཁྱོལ་བྱེད་པ། ཡིད་རྟོན་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། ཡིད་རྟོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་ཁ་དན་ཚིག་གནས་དང་ཡིད་རྟོན་སྲུང་བའི་དར་སྲོལ་བཟང་པོ་ཆགས་ཆེད་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་སྤྱི་ཚོགས་སུ་2019ལོའི“ཡིད་རྟོན་སྐར་ཆེན”ཡོངས་བསྒྲགས་བྱས་པ་རེད།
      ཐེངས་འདིར་ཡོངས་བསྒྲགས་བྱས་པའི“ཡིད་རྟོན་སྐར་ཆེན”བཅུ་པོ་ནི་ཐེན་ཅིན་དགེ་འོས་སློབ་ཆེན་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཝང་ཕུའུ་ཁྲེང་དང་། ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་དབྱི་ཀྲོའུ་ཆུས་མ་ཐོའུ་ལི་གྲོང་རྡལ་གྱི་དམག་ཞབས་ཐིམས་པའི་དམག་མི་ཀྲང་ཀྲི་དབང་། ཅི་ལིན་ཞིང་ཆེན་པའེ་ཧྲན་ཧྥང་ཏ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཉིང་ཧྥེང་ལེན། ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཧྲན་ནགས་རའི་རྒན་ཡོལ་ཞུས་པའི་ལས་བཟོ་བ་ཀའོ་ཆིང་དབང་། ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཞི་རྫོང་ཤིའུ་ཀུའུ་གྲོང་རྡལ་ཞུའེ་ཧྥང་གྲོང་ཚོའི་ལས་འཛིན་པ་ཞུའེ་ཁྲུན་ཧྭ། ཧོ་ནན་ཞིང་ཆེན་ཁའེ་ཧྥེང་གྲོང་ཁྱེར་ཞང་ཧྥུའུ་ཆུས་གློག་བརྙན་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིང་ལི་ཀོའོ་ཅན་ཧྭ། ཁྲུང་ཆིན་གྲོང་ཁྱེར་ཆན་ཅང་ཆུས་གྲོང་ཤར་ཁྲོམ་གཞུང་ཞ་པཱ་སྡེ་ཁུལ་གྱི་གྲོང་མི་ཁྲེང་ཧྲའོ་ཀོང་དང་ཁྲེང་ཙུའུ་ཆོན་ཕ་བུ་གཉིས། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཧྲི་ཀྲུང་ཆུས་ཀོན་མེའོ་ཤང་སུའུ་ཕིང་གྲོང་ཚོའི་ཚོགས་ཆུང་9པའི་གྲོང་མི་ལུའོ་དབན་སེན། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཅིན་རུའེ་བཟའ་བཅའ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱང་ཅིང་ལན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཐ་ཧྲུ་ཁུར་ཀན་ཐ་ཅི་ཁེ་རང་སྐྱོང་རྫོང་སྤྱི་བདེ་ཅུས་མར་དབྱང་མངགས་གཏོང་ཁང་གི་སུའོ་ཀྲང་ཏིང་ཧྥ་ཀེན་བཅས་རེད།