འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་20ཉིན།

༄༅།།གནམ་གྲུའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་པའི་ཕུང་པོ་ཕྱིར་རང་རྒྱལ་
ཁབ་ཏུ་སྐྱེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་20ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནམ་གྲུའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་པའི་ཕུང་པོ་ཕྱིར་རང་རྒྱལ་
ཁབ་ཏུ་སྐྱེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ1ཚེས19ཉིན། ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་པའོ་ལི་སི་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཐོག་ཁང་དུ་ས་གནས་དེ་གའི་མང་ཚོགས་རྣམས་ཝུའུ་ཁོ་ལན་གྱི་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ། ཉིན་དེར། ཝུའུ་ཁོ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་གྱི་སྤྱི་དམངས་11གི་ཕུང་པོ་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་པའོ་ལི་སིའི་པོར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྐྱེལ་བ་རེད། ཝུའུ་ཁོ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་། ཙུང་ལི་ཀུང་ཆ་ལུའུ་ཁེ་དང་ཝུའུ་ཁོ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དོ་དམ་མི་སྣ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་རྣམས་ཀྱིས་གནམ་ཐང་དུ་སྒུག་ཡོད་པ་རེད། གནམ་ཐང་ཐོག་ཁང་དུ་སྤེལ་བའི་མྱ་ངན་ཞུ་བའི་བྱེད་སྒོའི་ཐོག་ཏུ། ཙེ་ལན་སི་ཅི་སོགས་ཀྱིས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་པ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་ཞུས་པ་རེད། 
【1】  【2】
༄༅།།གནམ་གྲུའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཝུའུ་ཁོ་ལན་པའི་ཕུང་པོ་ཕྱིར་རང་རྒྱལ་
ཁབ་ཏུ་སྐྱེལ་བ།