གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 01ཚེས་20ཉིན། 13:26】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྙན་ཚིག་ཆ་ཡིག་སློབ་ཚོགས་ཀྱིས་མཉམ་གཉེར་བྱས་པ། གཞིས་རྩེ་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི་"བདེ་སྐྱིད་ལྡན་པའི་བོད་ལྗོངས། དབུལ་སྒྲོལ་འགག་སྒྲོལ་གྱི་མདུན་ཕྱོགས་སུ་སྐྱོད་པ།”ཞེས་པའི་2020ལོའི་དྲ་རྒྱའི་སྨྱན་སྦྱོར་གྱིས་དཔྱིད་གསར་སྐབས་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཚེས་18ཉིན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད།
བྱེད་སྒོས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་གྱི་ས་སྐྱ་རྫོང་དང་། ལྷ་རྩེ་རྫོང་། ས་དགའ་རྫོང་སོགས་རྫོང་ཁུལ་7དུ་སྐྱོད་པ་དང་། ཡིག་རིས་མཁས་ཅན་གྱིས་ཞིང་འབྲོག་མང་ཚོགས་ལ་ཡིག་རིས་ཕུལ་ནས་ལོ་གསར་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།
【1】
【2】
【3】
【4】