འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་19ཉིན།

༄༅།།བོད་ཀྱི་དཔྱིད་གསར་སྐྱེལ་འདྲེན་རིང་ཕ་ཡུལ་ དུ་ལོག་མཁན་མང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་19ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཚེས་10ཉིན་གྱི་ཞོགས་པའི་ཆུ་ཚོད་9པ་ཙམ་དུ་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་ཐོག་སོ་གཉིས་པའི་མེ་འཁོར་སྒུག་ཁང་དུ་རྡོག་ཁྲེས་ཆེ་ཆུང་མང་པོ་ཁྱེར་ནས་དཔྱིད་གསར་སྐྱེལ་འདྲེན་གྱི་ལམ་དུ་བཞུད་པའི་འགྲུལ་པས་ཁེངས་པ་དང་། རང་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་བའི་དགའ་སྣང་གིས་ཁེངས་ཤིང་། རྡོག་ཁྲེས་སྒམ་དང་། ལྟོ་ཕད། ཐ་ན་འགྱིག་སྣོད་བཅས་ནང་ལག་རྟགས་བྱུར་བུར་བླུགས་ཡོད་པ་རེད།
    ཀྲང་ཞའོ་ལིའི་རྡོག་ཁྲེས་སྟེང་གི་རྩེད་ཆས་ཨའོ་ཐའེ་མན་མངོན་གསལ་ཧ་ཅང་དོད་པ་དང་། ཁོང་མེ་འཁོར་གཏོང་ཐེངས་Z166 ནང་བསྡད་དེ་ཆུ་ཚོད་38བསྐྱོད་རྗེས་ཤིས་ཨན་དུ་འབྱོར་རྗེས་རླངས་འཁོར་ལ་བསྡད་དེ་ཕ་ཡུལ་ལོའུ་དབྱང་དུ་འགྲོ་མཁན་རེད། ལམ་ཐག་རིང་བའི་ཁར་ད་དུང་རྩེད་ཆས་ཆེན་པོ་ཞིག་འཁྱེར་དགོས་མོད། འོན་ཀྱང་གང་མགྱོགས་ཁྱིམ་དུ་སླེབས་རྒྱུ་ཡིན་པས་ཁོང་གིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
     ཁོང་བོད་དུ་ལས་ཀ་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་བུ་དང་ཐུག་མེད་ཅིང་། ཕྲུ་གུ་དང་བརྙན་ལམ་ཁ་པར་གཏོང་རིམ་བཞིན་ཕ་ཡུལ་དུ་ག་དུས་ལོག་མིན་འདྲི་བ་དང་བུའི་དགའ་ཤོས་ཀྱི་རྩེད་ཆས་ནི་ཨའོ་ཐའེ་མན་ཡིན་པ་རེད།
    ལྷ་སར་ལས་ཀ་བྱེད་བཞིན་པའི་ཁྲེན་ཞ་དང་ཀྲུའུ་གོ་ཕིང་བཟའ་ཚང་གཉིས་ཀྱི་རྐུབ་སྟེགས་འགྲམ་དུ་རྡོག་ཁྲེས་གཉིས་བཞག་ཡོད་པའི་ནང་ཚགས་ཤ་དང་གུར་གུམ་སོགས་ཁྱད་ལྡན་ཐོན་རྫས་བླུགས་ཡོད། ད་ཐེངས་ཁོང་ཚོ་ཀན་སུའུ་ཀྲང་ཡེ་རུ་ཟླ་གཅིག་བསྡད་ནས་ནང་མི་དང་ལྷན་འཛོམས་ཡག་པོ་ཞིག་བྱེད་འདོད་ཡོད་པ་རེད།
     ཆུ་ཚོད་11དང་སྐར་མ་20ཙམ་ལ་མེ་འཁོར་རྡོག་ཐོན་བྱེད་པར་ད་དུང་སྐར་མ་10ཙམ་ཡོད་སྐབས་དྲོ་སོབ་སོབ་ཀྱི་མེ་འཁོར་ནང་དུ་མི་ཚོས་ཕྱི་གོས་མཐུག་པོ་ཕུད་དེ། གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་གསར་གྱི་མཁོ་ཆས་དང་ཁྱད་ལྡན་ཐོན་རྫས་བླུགས་པའི་རྡོག་ཁྲེས་འཇོག་སྒྲོམ་སྟེང་བཞག་པ་དང་། ཕྲུ་གུ་ཚོ་དགའ་ཚོར་ཆེན་པོས་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད།
     “ཝུའུ་ཝུའུ་ཝུའུ”ཞེས་པའི་མེ་འཁོར་གྱི་སྒྲ་གྲགས་མ་ཐག་མེ་འཁོར་ཞབས་ཞུ་བས་རྐང་འཇོག་པང་ལེབ་བསྡུས་ཏེ་མེ་འཁོར་གྱི་སྒོ་བརྒྱབ་ཅིང་། མེ་འཁོར་གཏོང་ཐེངས་Z166བབས་ཚུགས་ནས་ཐོན་ཏེ་རྒྱང་བསྒྲགས་ནང《མཚོ་བོད་ས་མཐོ》ཞེས་པའི་གླུ་གཞས་གྲགས་པ་དང་བསྟུན་ནས་2020ལོའི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་རེད།