འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་17ཉིན།

༄༅།།ཕུའུ་ཅིང་གིས་མེ་ཧྲུའུ་སི་ཅིན་ཨུ་རི་སིའི་ཙུང་ལི་གསར་པར་བསྐོ་འཇོག་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕུའུ་ཅིང་གིས་མེ་ཧྲུའུ་སི་ཅིན་ཨུ་རི་སིའི་ཙུང་ལི་གསར་པར་བསྐོ་འཇོག་བྱས།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས་16ཉིན་ཙུང་ཐུང་གི་བཀའ་རྒྱ་ལ་མིང་རྟགས་བཀོད་པ་དང་། མེ་ཧཱ་དབྱིའར་མེ་ཧྲུའུ་སི་ཅིན་སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཕྲན་སྲིད་གཞུང་གི་ཙུང་ལི་ལ་བསྐོས་པ་རེད།
    ཨུ་རི་སིའི་ཙུང་ཐུང་དྲ་ཚིགས་ནས་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ལ་གཞིགས་ན། ཙུང་ཐུང་བཀའ་རྒྱའི་ནང་དུ། ཨུ་རི་སིའི་མཉམ་འབྲེལ་རྒྱལ་ཕྲན་བཅའ་ཁྲིམས་ཀྱི་དོན་ཚན་83པའི་ནང་གསེས་དོན་ཚན་དང་པོར་གཞིགས་ན། ཕུའུ་ཅིང་གིས་མེ་ཧྲུའུ་སི་ཅིན་ཨུ་རི་སིའི་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བསྐོས་པ་དང་། ཙུང་ཐུང་བཀའ་རྒྱ་ནི་མིང་རྟགས་བཀོད་པའི་ཉིན་ནས་གོ་ཆོད་པ་རེད། 
ཉིན་དེའི་སྔ་ཙམ་ལ་ཨུ་རི་སིའི་ཏུའུ་མ་(གྲོས་ཚོགས་འོག་མ)ཡིས་མེ་ཧྲུའུ་སི་ཅིན་གྱིས་སྐབས་གསར་པའི་ཙུང་ལི་འཁུར་བའི་མིང་འདོན་ལ་འདེམས་ཤོག་འཕངས་པ་རེད། གྲོས་མི་383གྱིས་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་པ་དང་། འདེམས་ཤོག་བསྐྱུར་བའི་མི་41དང་། ངོ་རྒོལ་ཡོད་པའི་འདེམས་ཤོག་མེད་པ་རེད། 
    མེ་ཧྲུའུ་སི་ཅིན་གྱིས་དེར་མཐུད་ནས་རྒྱལ་ཁབ་ཏུའུ་མ་ནས་གཏམ་བཤད་སྤེལ་ཞིང་། ཕུའུ་ཅིང་དང་རྒྱལ་ཁབ་ཏུའུ་མའི་རྒྱབ་སྐྱོར་གནང་བ་ལ་བཀའ་དྲིན་ཞུས་པ་དང་། ད་ལོའི་ཟླ་4པར་རྒྱལ་ཁབ་ཏུའུ་མར་སྲིད་གཞུང་གསར་པའི་སྲིད་ཇུས་སྙན་ཞུ་ཞུ་རྒྱུ་ཡིན་པ་བསྟན། ཁོང་གིས་ཉིན་དེར་གསར་འགྱུར་ལས་རིགས་ལ། ཉེ་ཆར་ཕུའུ་ཅིང་ལ་ནང་བློན་མི་སྣའི་མིང་ཐོ་ཡར་སྤྲོད་རྒྱུ་ཡིན་པར་བཤད། 
   ཕུའུ་ཅིང་གིས་ཚེས་15ཉིན་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ་ཡིས་བཏོན་པའི་སྲིད་གཞུང་གི་ལས་ཁུར་དགོངས་ཞུའི་རེ་ཞུ་ལ་ཆོག་མཆན་སྤྲད་པ་དང་། རྒྱལ་ཁབ་ཏུའུ་མར་མཉམ་འབྲེལ་རྒྱལ་ཕྲན་སྒོ་ཁྲལ་ཅུས་ཀྱི་ཅུས་ཀྲང་མེ་ཧྲུའུ་སི་ཅིན་སྲིད་གཞུང་གི་ཙུང་ལིར་བསྐོ་རྒྱུའི་མིང་བཏོན་པ་རེད།
༄༅།།ཕུའུ་ཅིང་གིས་མེ་ཧྲུའུ་སི་ཅིན་ཨུ་རི་སིའི་ཙུང་ལི་གསར་པར་བསྐོ་འཇོག་བྱས།