འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་17ཉིན།

༄༅།།བོད་ཀྱི་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་རྒྱུན་མཐུད་གྲོང་སྡོད་བྱས་ཏེ་གཞི་རིམ་མང་ཚོགས་ལ་ཞབས་
འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་བོད་རང་སྐྱོང་ལྗོངས་ཀྱིས་ལྷ་སར་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་དགུ་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་། ལས་བྱེད་པ་ཁྲི་2ལྷག་ཙམ་གྲོང་ཚོ(གྲོང་ལྷན)5464རུ་བཅའ་སྡོད་བྱས་ཏེ་རྒྱུན་མཐུད་ངང་མང་ཚོགས་ཆེད་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་ནས་གཞི་རིམ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ་རེད།
     གྲོང་སྡོད་ལས་བྱེད་པ་ནི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་རྣམ་གྲངས་1635དང་མ་དངུལ་སྒོར་དུང་ཕྱུར་18.87བརྩོན་ལེན་བྱས་ནས་དངོས་ཚན་དཔལ་འབྱོར་2885དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་7156བཙུགས་པ་དང་། ཞིང་འབྲོག་པ་ཁྲི་3.9ལས་ཞུགས་གཞན་སྒྱུར་བྱས་པས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་4.51འཕར་སྣོན་བྱུང་ཡོད་པ་རེད།
    2011ལོའི་ཟླ་10པ་ནས་བཟུང་། བོད་ཀྱིས“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”གྱི་བྱེད་སྒོ་སྤེལ་བ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ། ཀྲུང་དབྱང་ཐད་གཏོགས་བོད་སྡོད་སྒྲིག་གཞི་སོགས་ནས་གྲོང་སྡོད་ལས་བྱེད་པ་ཁྲི་17ལྷག་ཙམ་ཁག་བརྒྱད་ལ་བགོས་ནས་འདེམས་གཏོང་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གཞི་རིམ་དུ་གཞི་ཚུགས་པ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་པས་ཏང་དང་མང་ཚོགས་ཀྱི“སྦྲེལ་ཟམ”ཞིག་ཏུ་གྱུར་པ་མ་ཟད། ལས་བྱེད་པས་གཞི་རིམ་དུ་ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་ཚུལ་ཞུན་བརྡར་ཡང་ཐུབ་ཡོད་པ་རེད།