མི་དམངས་དྲ་བ།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་1ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2013ལོའི་ཟླ་12ཚེས་3ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན《ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་བྱས་ཏེ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་ཟམ་མི་ཆད་པར་གཏོད་དགོས》ཞེས་པ་བཀོད་ཡོད་པ་རེད།
    གསུང་བཤད་ནང་རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་བསམ་བློའི་ཐོག་ཏང་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དེའི་ནང་ནས་གལ་འགངས་ཆེ་ཤོས་ཤིག་ནི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་བརྟེན་ནས་ཏང་ཡོངས་ལ་སློབ་གསོ་གཏོང་བ་དང་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཡིན་ཞེས་ནན་བཤད་གནང་ཡོད།
     གསུང་བཤད་ནང་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་ཟླ་དབྱེ་ཞིབ་བྱ་ཐབས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས་ཞེས་བསྟན་ཡོད།
    གསུང་བཤད་ནང་དངོས་པོའི་ཐོན་སྐྱེད་ནི་སྤྱི་ཚོགས་འཚོ་བའི་རྨང་གཞིའི་ལྟ་བ་ཡིན་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འབྲེལ་བ་གལ་ཆེན་སྟངས་འཛིན་ཡང་དག་བྱེད་དགོས་ཞེས་བསྟན་ཡོད།
     གསུང་བཤད་ནང་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པའི་ལྟ་བ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་མི་དམངས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

  
style="display:none;"