འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་17ཉིན།

༄༅།།“མི་དམངས་རྟགས་ཅན་དང་པོའི”སྲུང་སྐར་འཕེན་གཏོང་ལམ་ལྷོངས་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་17ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་ཆུ་ཚོད་10དང་སྐར་མ་53ཐོག་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས“མི་དམངས་རྟགས་ཅན་དང་པོའི”སྲུང་སྐར་དེ་རྒྱང་སྐྱོད་རྟགས་ཅན་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པར་བརྟེན་ནས་འཕེན་གཏོང་ལམ་ལྷོངས་བྱུང་ཞིང་། སྲུང་སྐར་དེ་ཉིད་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་ནས་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། “མི་དམངས་རྟགས་ཅན་དང་པོའི”སྲུང་སྐར་འཕེན་གཏོང་ལམ་ལྷོངས་བྱུང་བ་ནི་མི་དམངས་གྲངས་གཞི་དོ་དམ་ཚད་ཡོད་ཀུང་སིས་རྒྱལ་ཁབ་རིམ་པའི་ཚོང་སྤྱོད་སྲུང་སྐར་འདུས་ཚོམ་བསྐྲུན་པའི་འགོ་ཚུགས་པ་ཤིག་ཡིན། གོམ་སྟབས་རྗེས་མར་ཀུང་སིས་ད་དུང་རང་ངོས་ཀྱི་ལེཌ་ཆ་གང་ལེཌ་སྤྱད་ནས་འབྲེལ་ཡོད་ཀྱི་ཚན་ཞིབ་སྒྲིག་གཞི་དང་མཉམ་འབྲེལ་གྱིས་སྲུང་སྐར་གྱི་གྲངས་གཞི་ཆེ་མོའི་སྣོད་བཅུད་མ་ལག་གཏོད་རྒྱུ་ཡིན་པ་རེད།