འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་16ཉིན།

༄༅།།དབྱར་རྩྭ་དགུན་འབུའི་ཐོན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་པའི་
གྲོས་གཞི་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་16ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དབྱར་རྩྭ་དགུན་འབུའི་ཐོན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་པའི་
གྲོས་གཞི་བཏོན་པ།
      ཀྲུང་གོ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོཌ་འདུ་ཐེངས་གསུམ་པ་འགོ་ཚུགས་པ་དང་། ཀྲུང་གོ་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཨུད་དང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་དབྱར་རྩྭ་དགུན་འབུའི་ཐོན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་དོ་ཁུར་བྱེད་དགོས་པའི་གྲོས་གཞི་བཏོན་པ་རེད།
     མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་ཐོན་འབོར་གྱིས་ཀྲུང་གོའི་སྤྱིའི་ཐོན་འབོར་གྱི་60%བཟུང་ལ། དེའི་ནང་གཙང་གསུམ་ཆུ་འགོའི་ས་ཁོངས་ཀྱི་ཡུལ་ཤུལ་ཀྲོའུ་ནས་ཐོན་པའི་དབྱར་རྩྭ་དགུན་འབུའི་ཐོན་འབོར་གྱིས་མཚོ་སྔོན་གྱི་སྤྱིའི་ཐོན་འབོར་གྱི་80%བཟུང་ཡོད། དེར་བོངས་ཆེ་དང་། སྤུས་ལེགས། དུག་སྲིན་འགོག་ནུས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། ཞིང་ཆེན་དེའི་ཡུལ་ཤུལ་ཀྲོའུ་རྫ་སྟོད་རྫོང་ལ“ཀྲུང་གོའི་དབྱར་རྩྭ་དགུན་འབུའི་རྫོང་དང་པོའི”མཚན་སྙན་ལྡན་པ་རེད།
     ཀྲུང་གོ་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཨུད་ཀྱིས་གྲོས་འགོ་བཏོན་ནས་ངོ་སྤྲོད་བྱས་པར། དབྱར་རྩྭ་དགུན་འབུ་ནི་མཚོ་སྔོན་དང་ཐ་ན་ཀྲུང་གོའི་ཁྱད་ཆོས་ཆེ་ཤོས་ལྡན་པའི་ལེགས་ལྡན་སྐྱེ་དངོས་ཀྱི་ཐོན་ཁུངས་ཡིན་ལ། དབྱར་རྩྭ་དགུན་འབུའི་ཐོན་རྫས་ཀྱང་ཀྲུང་གོས་གཞི་ཁྱོན་ཅན་དང་། བཟོ་ལས་ཅན། ཚད་གཞི་ཅན་བཅས་ཡོངས་སུ་ལག་བསྟར་ཐུབ་པ་དང་ཐོན་ལས་ཅན་གྱི་གསར་སྤེལ་གྱི་མི་མངོན་པའི་ནུས་པ་ཆེ་ཤོས་ལྡན་པའི་སྨན་སྤྱོད་རིགས་ཀྱི་གྲས་ཤིག་ཀྱང་རེད།
    ཀྲུང་གོ་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཨུད་ཀྱིས་གྲོས་འགོ་བཏོན་ནས། དབྱར་རྩྭ་དགུན་འབུ་དང་དེ་བཞིན་དེའི་ཐོན་རྫས་བཟའ་བཅའི་ཁྱབ་ཁོངས་སུ་འཇུག་པའི་སྲིད་ཇུས་ཀྱི་འཇུར་མིག་ལས་ཚད་བརྒལ་བྱེད་པ་དང་ཆབས་ཅིག ཅི་ལིན་གྱི་དཀར་པོ་ཆིག་ཐུབ་ཐོན་ལས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཚན་རྩལ་ཚད་ལྡན་ཅན་ནས་འགོ་བཙུགས་ཏེ་དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི་འཕེལ་རྒྱས་འཁོར་སྦྲེལ་སྔར་བས་སྣུར་སྲིང་བྱེད་དགོས་ཞེས་བཤད།
     ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་དབྱར་རྩྭ་དགུན་འབུའི་ཐོན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། གྲོས་གཞིའི་ནང་མི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་སྐྱེད་སྲིང་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དང་མཐོང་ཆེན་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་དབྱར་རྩྭ་དགུན་འབུ་སྙོལ་བའི་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་ལས་རི་སྐྱེས་ཐོན་ཁུངས་ལ་བརྟེན་དྲགས་པའི་གནས་ཚུལ་ཞི་ལྷོད་དུ་གཏོང་ཐུབ་ལ། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་ལྡོག་མེད་ཀྱི་ལམ་བུའང་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     གྲོས་གཞིའི་ནང་། བསྙལ་ཟིན་པའི་དབྱར་རྩྭ་དགུན་འབུའི་ཕྱེ་མ་བཟའ་བཅའ་གསར་པའི་མ་བཅོས་རྒྱུ་ཆའི་དོ་དམ་ནང་བཅུག་པ་ན། རྒྱལ་ཁབ་ཕྱི་ནང་གི་བཟའ་བཅའི་ཁྱབ་ཁོངས་སུ་དབྱར་རྩྭ་དགུན་འབུའི་རླམ་རྩྭའི་རིགས་ཀྱི་བཟའ་བཅའི་ཐོན་རྫས་མེད་པའི་སྟོང་ཆ་སྐོང་རེ་ཡོད་ལ། དེ་ལས་དབྱར་རྩྭ་དགུན་འབུའི་རླམ་རྩྭའི་རིགས་ཀྱི་ཐོན་རྫས་བེད་སྤྱོད་སྔར་བས་མང་ཚོགས་ཅན་དང་ཁྱབ་གདལ་ཅན་དུ་འགྱུར་བ་མ་ཟད། དབྱར་རྩྭ་དགུན་འབུའི་ཐོན་ལས་རྒྱུན་མཐུད་ཅན་དང་། སྐྱོན་བྲལ་ཅན། ཚད་གཞི་ཅན་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ཡང་ཕན་ཐོགས་ཡོད་ཅེས་བརྗོད།