འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་14ཉིན།

༄༅།།ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་"སྤྱོད་ཚུལ་བཞིའི་"གནད་དོན་
གྱི་དཔེ་མཚོན་གྱོད་གཞི་10བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་14ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་"སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་ལ་‘སྤྱོད་ཚུལ་བཞི’ཡི་གནད་དོན་ལ་ལྟ་སྐུལ་དང་ཐེར་འདོན་གྱི་དམར་འདོན་ཆེད་ཁུལ་”ཐོག་ས་གནས་ཁག་ནས་ཞིབ་བཤེར་ཐག་གཅོད་བྱས་པའི་‘སྤྱོད་ཚུལ་བཞི’ཡི་གནད་དོན་གྱི་དཔེ་མཚོན་་གྱོད་གཞི་10བརྡ་ཁྱབ་བཏང་བ་དང་། འདི་ནི་ཆེད་ཁུལ་དེས་སྤེལ་བའི་"གཟའ་འཁོར་རེའི་བརྡ་ཁྱབ་”སྤེལ་འགོ་ཚུགས་རྗེས་ཀྱི་དུས་ཐེངས་གཉིས་པའི་གཅིག་འདུས་དམར་འདོན་ཞིག་ཡིན་པ་རེད།  
   བརྡ་ཁྱབ་ཀྱི་གནད་དོན་དེ་དག་ཐེན་ཅིན་དང་། ནང་སོག ཅང་སུའུ། ཀྲེང་ཅང་སོགས་ཞིང་ཆེན་དང་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)10ལ་ཐོན་པ་ཞིག་ཡིན་ཞིང་། འབྲེལ་ཡོད་གནད་དོན་ནི་སྒྲིག་འགལ་ངང་ལག་རྟགས་དངུལ་མར་ལེན་པ་དང་། སྒྲིག་འགལ་ངང་མཉེན་སྒྲིག་དང་འདས་མཆོད་སྤེལ་བའི་གནད་དོན།  སྒྲིག་འགལ་ངང་གཞུང་སྤྱོད་རླངས་འཁོར་སྤྱོད་པ་སོགས་རིགས་མང་པོ་ཡོད་པས་དེས་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་"སྤྱོད་ཚུལ་བཞི”ཡི་གནད་དོན་སླར་ཡང་ཐོན་རྒྱུར་ཟིལ་གནོན་གྱི་ནུས་པ་ཆེན་པོ་ལྡན་ཡོད།