འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་11ཉིན།

༄༅།།“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”མཚོ་སྔོན་གྱིས། གཞི་ཁྱོན་ཡན་གྱི་གཙང་པོ་དང་མཚེའུ་ཡི་
དོ་དམ་གྱི་དབྱེ་མཚམས་བཅད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་11ཉིན། 11:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱས་པར། ས་གནས་དེས་རྒྱུག་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1000ཡན་གྱི་གཙང་པོ་དང་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ཡན་གྱི་མཚེའུ(གཞི་ཁྱོན་ཡན་གྱི་གཙང་པོ་དང་མཚེའུ)ལ་གཙང་པོ་དང་མཚེའུ་དོ་དམ་ཁྱབ་ཁོངས་ཀྱི་དབྱེ་མཚམས་བཅད་པ་རེད། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱི་གཙང་པོ་179དང་མཚེའུ་237ལ་དོ་དམ་ཁྱབ་ཁོངས་གཏན་འཁེལ་ཁ་གསལ་ཐུབ་པ་རེད།
     གཙང་པོ་དང་མཚེའུ་ཡི་དོ་དམ་དབྱེ་མཚམས་གསལ་པོ་བྱུང་བས། དེ་སྔའི་གཙང་པོ་དང་མཚེའུ་ཡི་དོ་དམ་ས་མཚམས་ཁ་གསལ་མེད་པ་དང་དབང་ཆ་དང་འགན་འཁྲི་ཁ་གསལ་མེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་གཙང་པོ་དང་མཚེའུ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེང་ཕུང་གིས་ད་ཐེངས་དབྱེ་མཚམས་བཅད་པའི་གཙང་པོ་དང་མཚེའུ་ཡི་ཁྲོད། གཙང་པོ་40དང་མཚེའུ་196ཡོད་པ་ཚང་མ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད། དེའི་ཁྲོད་རྨ་ཆུའི་གཞུང་ཆུ་དང་། འབྲི་ཆུ། རྫ་ཆུ། ཙོང་ཆུ་སོགས་ཆུ་རགས་ཡོད་པའི་གཙང་པོ་རྒྱུག་ཁུལ་གྱི་དོ་དམ་ཁྱབ་ཁོངས་ནི་ཆུ་རགས་རྒྱབ་ངོས་ཀྱི་མཚམས་ནས་སྨི་10ནས་20བར་སྣུར་སྲིང་བྱས་ཡོད་པའི་བར་རེད་ཅེས་བཤད།
    ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆུ་རགས་ཡོད་པའི་གཙང་པོའི་དོ་དམ་ཁྱབ་ཁོངས་ནི་ངོགས་གཉིས་ཀྱི་ཆུ་རགས་དབར་གྱི་ཆུ་ཁོངས་དང་། བྱེ་གླིང་། གྲམ་ཐང(རྨོ་ཞིང་ཚུད)ཆུ་ལོག་རྒྱུག་ཁུལ། ཆུ་རགས་ཀྱི་ངོགས་གཉིས་དང་དེ་བཞིན་དེའི་རགས་སྐྱོར་ས་ཆ་བཅས་ཡིན་པ་དང་། ཆུ་རགས་མེད་པའི་གཙང་པོའི་དོ་དམ་ཁྱབ་ཁོངས་ནི་ལོ་རྒྱུས་ཐོག་ཆུ་ལོག་ཐོན་པའི་ཆུ་ཁའི་གནས་མཐོ་ཤོས་སམ་ཆུ་ལོག་གི་ཆུ་ཁ་གཏན་འཁེལ་བྱས་པ་དེ་རེད། ཆུ་ལམ་དོ་དམ་ཁྱབ་ཁོངས་ནང་གཙང་པོ་རྒྱུག་པར་འགོག་རྐྱེན་བཟོ་བའི་ཆུ་རྐ་བཟོ་རྒྱུ་དང་། གཙང་པོར་སྦགས་བཙོག་བཟོ་བའི་དངོས་པོ་སྤུངས་བའམ་ཡང་ན་འབུད་རྒྱུ། ཆུ་རགས་དང་རགས་སྐྱོར་ས་ཆར་ཁང་པ་བསྐྲུན་པའམ་ཕྱུགས་འཚོ་རྒྱུ། ས་འོག་ཐོན་ཁུངས་སྔོག་འདོན། གནའ་རྫས་སྔོག་འདོན་སོགས་སྒྲིག་འགལ་བྱེད་སྒོ་གཞན་དག་སྤེལ་རྒྱུར་གཏན་འགོག་བྱས་ཡོད།