འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་11ཉིན།

༄༅།།2020ལོའི་མཐོ་རྒྱུགས་སྐབས་མུ་མཐུད་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་
དབུལ་པོའི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་11ཉིན། 11:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། སློབ་གསོ་པུའུ་ཡིས་ཉེ་ཆར《2020ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་འདི་ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་བཀོད་སྒྲིག་བྱས་པ་རེད། བརྡ་ཐོའི་ནང་གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་བསྡུ་བའི་ཆེད་དོན་འཆར་གཞི་མུ་མཐུད་ལག་བསྟར་བྱས་ནས་ཐོབ་ཐང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ་དང་རྒྱུགས་སྤྲོད་སློབ་མའི་ཞབས་འདེགས་ཞུ་ཚད་ལེགས་སུ་བཏང་ནས་ཆེད་དོན་འཆར་གཞིའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་པ་རེད།
    མཐོ་རིམ་སློབ་གསོའི་སློབ་ཞུགས་གོ་སྐབས་དྲང་གཞག་ལ་སྐུལ་འདེད་གཏོང་ཆེད་བརྡ་ཐོའི་ནང་མཉམ་སྤོས་བུ་ཕྲུག་སྤོ་ཡུལ་དུ་མཐོ་རྒྱུགས་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འབྲེལ་ཡོད་ས་གནས་ཀྱིས་མཐོ་རྒྱུགས་ཀྱི་མིང་འགོད་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དུ་ལས་ཀ་བྱེད་མཁན་མི་སྣ་དང་སྐྱེ་ཁུངས་དེ་ག་ནས་མིན་པའི་ལས་ཞུགས་མི་སྣའི་མཉམ་སྤོས་བུ་ཕྲུག་ཚང་མ་ས་གནས་དེ་གར་མཐོ་རྒྱུགས་ནང་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། “མཐོ་རྒྱུགས་ཀྱི་གནས་སྤོས་ཡུལ་མིར”རྡུང་རྡེག་ཚ་ནན་བཏང་ནས་མཐོ་རིམ་སློབ་འབྲིང་གི་སློབ་གྲྭའི་སྐྱིད་སྡུག་དོ་དམ་ནན་པོ་བྱེད་པ་དང་སློབ་གྲྭའི་སྐྱིད་སྡུག་སྟོང་སྦྱར་དང་། མི་དང་སློབ་གྲྭའི་སྐྱིད་སྡུག་ལོགས་དབྱེ། སྒྲིག་འགལ་ངང་སློབ་མ་བསྡུ་བ། སྒྲིག་འགལ་ངང་སློབ་གནས་གཡར་བ་སོགས་ཀྱི་བྱེད་སྤྱོད་ནན་འགོག་བྱས་ཐོག་མཐོ་རྒྱུགས་སློབ་བསྡུའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་བཤད་པ་རེད།
བརྡ་ཐོའི་ནང་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་འོས་འཚམ་གཏོང་དགོས་ཤིང་། ཧྲང་ཧའེ་དང་ཀྲེ་ཅང་གིས་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་ཡོད་ཞིང་ཆེན་གྱིས་སྒྱུར་བཅོས་ཀྱི་ལམ་ལུགས་གྲུབ་འབྲས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། པེ་ཅིང་དང་། ཐེན་ཅིན། ཧྲན་ཏུང་། ཧའེ་ནན་བཅས་ཀྱིས་མཐོ་རྒྱུགས་ལམ་ལུགས་གསར་པ་དོན་འཁྱོལ་ཐུབ་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་སྒྱུར་བཅོས་དོན་འཁྱོལ་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཧོ་པེ་དང་། ལེའོ་ཉིང་། ཅང་སུའུ། ཕུའུ་ཅན། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་སོགས་ཁག་གསུམ་པའི་མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ཞིང་ཆེན་ཁག་གསུམ་པས་རྩ་འཛུགས་ལག་བསྟར་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་དགོས་པ་བཏོན་པ་རེད།
    གཞན་ཡང་མཐོ་རིམ་ལས་རིགས་སློབ་གྲྭའི་རིགས་དབྱེའི་རྒྱུགས་བསྡུར་སྐུལ་འདེད་གཏོང་བའི་ཐད་བརྡ་ཐོའི་ནང་ད་དུང“རིག་གནས་བྱང་ཚད་+ལས་རིགས་རྩལ་ནུས”ཀྱི་གདེང་འཇོག་བྱེད་སྟངས་དང་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མཐོ་རིམ་ལས་རིགས་སློབ་གསོའི་གསོ་སྦྱོང་ཆོས་ཉིད་དང་ཁྱད་ཆོས་དང་མཐུན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་དང་འདེམས་བསྐོའི་དཔེ་དབྱིབས་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་མཐོ་རིམ་ལས་རིགས་སློབ་གསོའི་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་རིམ་ལས་རིགས་སློབ་གསོའི་རིགས་དབྱེའི་རྒྱུགས་བསྡུའི་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏོང་དགོས་པ་བསྟན་པ་རེད།