འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་10ཉིན།

༄༅།།དབྱི་རན་གྱི་ཐོག་མའི་བརྟག་དཔྱད་ལས་ཨུ་ཁེ་ལན་གྱི་འགྲུལ་སྐྱེལ་གནམ་གྲུ་"ལག་རྩལ་གྱི་གནད་དོན
”ལས་ལྷུངས་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་10ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། དབྱི་རན་གྱི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་ཐོག་མའི་བརྟག་དཔྱད་བྱས་པའི་སྙན་ཞུའི་ནང་། ཚེས་8ཉིན་ཏེ་ཧེ་ལན་དུ་ལྷུངས་བའི་ཨུ་ཁེ་ལན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་དེ་"ལག་རྩལ་གྱི་གནད་དོན”ལས་ལྷུངས་བ་ཞིག་ཡིན་པ་བརྗོད་ཡོད།
   སྙན་ཞུའི་ནང་། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་ནས་ཡུན་རིང་མ་སོང་བར་ལག་རྩལ་གྱི་གནད་དོན་ཐོན་པ་དང་། མ་ལྷུངས་གོང་ཏེ་ཧེ་ལན་གྱི་ཧོ་མན་ཉི་རྒྱལ་སྤྱིའི་གནམ་ཐང་དུ་ཕྱིར་ལོག་བྱ་རྩིས་བྱས་་ཡོད་པ་དང་། མཐོ་ཚད་སྨི་2440ཡི་མཚམས་སུ་ལེ་ཏ་ནས་མེད་པར་གྱུར་བ་དང་། ས་ངོས་སུ་འཕུར་སྐྱོད་པའི་སྐུད་མེད་གློག་འཕྲིན་གྱི་བརྡ་རྟགས་འབྱོར་མེད། སྙན་ཞུའི་ནང་གནམ་གྲུར་ལག་རྩལ་གྱི་གནད་དོན་གང་ཞིག་ཐོན་པ་གསལ་བཤད་བྱས་མེད།
   སྙན་ཞུའི་ནང་ས་ངོས་ཀྱི་མཐོང་མཁན་དང་ཕར་ཚུར་འགྲོ་འོང་བྱེད་མཁན་གནམ་གྲུའི་ཐོག་གི་མཐོང་མཁན་གྱི་སྐད་ཆ་དྲངས་ནས། ཨུ་ཁེ་ལན་མཁའ་འགྲུལ་ཀུང་སིའི་གནམ་གྲུ་གནམ་ལ་འཕུར་དུས་ནས་མེ་འབར་བཞིན་ཡོད་པ་བཤད་ཡོད། སྙན་ཞུའི་ནང་། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ལོ་ཚད་ནི་ལོ་3ཡིན་པ་དང་། ཚེས་6ཉིན་ཆེས་མཐའ་མའི་དུས་གཏན་སྲུང་སྐྱོངབྱས་ཡོད་པ་བརྗོད་ཡོད།
     པོ་དབྱིན་737འགྲུལ་སྐྱེལ་གནམ་གྲུ་དེ་ཚེས་8ཉིན་གྱི་ཞོགས་པ་ཧོ་མེ་ཉིང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཨུ་ཁེ་ལན་གྱི་རྒྱལ་ས་ཅི་ཕུའུ་ལ་བསྐྱོད་མཁན་ཡིན་པ་རེད། ཡིན་ནའང་། འཕུར་ནས་སྐར་མ་འགའ་སོང་རྗེས་ས་ལ་ལྷུངས་བ་དང་། གནམ་གྲུའི་ཐོག་གི་འགྲུལ་པ་167དང་གནམ་གྲུའི་ཐོག་གི་ལས་དོན་མི་སྣ་9ཚང་མ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།