འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་10ཉིན།

༄༅།།འབྲི་གཡག་ཐོན་ལས་ཀྱིས་ཞིང་པ་ཕྱུག་པོར་འགྱུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་10ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འབྲི་གཡག་ཐོན་ལས་ཀྱིས་ཞིང་པ་ཕྱུག་པོར་འགྱུར་བ།
   མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཚོས་ཡུལ་དེའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས། འབྲི་གཡག་ཚད་གཞི་ཅན་གྱི་གསོ་སྤེལ་ཐབས་ལམ་གསར་གཏོད་བྱས་པ་རེད། གསོ་སྤེལ་བྱེད་ཐབས་འདི་ལ་“4-2-1-8རྣམ་པ”ཞེས་འབོད་ཀྱི་ཡོད་པ་དང་། འབྲོག་ཁུལ་གྱི་རང་བྱུང་རྩྭ་ཐང་ཐོག་གསོས་ནས་ལོ་4ཡས་མས་སོང་བ་དང་། ལུས་པོའི་ལྗིད་ཚད་སྤྱི་རྒྱ་200ཡས་མས་ཡོད་པའི་འབྲི་གཡག་ཞིང་པར་སྤྲད་ནས་ཉིན་བརྒྱ་ཡས་མས་ལྷས་རའི་ནང་གསོས་བཅུག་ཏེ་(ཉིན་10འབུ་འདེད་དེ་ཕོ་བ་གསོ་བ་དང་།  ཉིན་90བར་བརྒལ་གསོ་སྤེལ་བྱེད་པ།) ལུས་པོའི་ལྗིད་ཚད་སྤྱི་རྒྱ་80ཡས་མས་འཕར་རྗེས་ལྷས་ར་ནས་བཏོན་ཏེ་ཕྱི་འཚོང་བྱེད་ཀྱི་ཡོད་།  འབྲི་གཡག་གསོ་སྤེལ་གྱི་གཟན་རྩྭ་གཙོ་བོ་ཞིང་དུད་གིས་སྐྱུར་བའི་སྲན་མ་དང་།  མ་རྨོས་ལོ་ཏོག་གི་སོག་མ་ཡིན་པ་རེད། འབྲི་གཡག་རེ་རེ་ནས་ཁེ་བཟང་གཙང་གཙང་སྒོར་800ཡན་ཟིན་གྱི་ཡོད། འདི་ནི་ཟླ་1ཚེས་9ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཚོའི་དུད་ཚང་གཅིག་གི་འབྲི་གཡག་གསོ་སྤེལ་ཁང་ནས་པར་བླངས་པའི་འབྲི་གཡག་ཡིན་པ། 
【1】  【2】
༄༅།།འབྲི་གཡག་ཐོན་ལས་ཀྱིས་ཞིང་པ་ཕྱུག་པོར་འགྱུར་བ།