འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་10ཉིན།

༄༅༎སྲིད་གྲོས་ཨུ་ཡོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་
འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་10ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཨུ་ཡོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
ཨུ་ཡོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རིང་། ཨུ་ཡོན་ཚོས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་པའི་བར་གསེང་དུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
     2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པ་རེད། 1959ལོའི་ཟླ་12ཚེས་20ཉིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་མིང་སྟེ་སྲིད་གྲོས་བོད་ལྗོངས་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། འགྲེམས་སྟོན་གྱིས“སྐྱིད་སྡུག་མཉམ་མྱོང་ལོ་ངོ་60”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གླེང་གཞིའི་ཚོམས་ཆེན་དང་། མཇུག་མའི་ཚོམས་ཆེན་དང་གནམ་ས་གསར་གཏོད་དང་། ཕྱར་བ་གྲུ་འདེགས། ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས། དུས་རབས་ཀྱི་མཆོང་སྐྱོད། ཚན་རིག་དང་མཐུན་པའི་འཕེལ་རྒྱས། དུས་རབས་གསར་པ་འགན་འཁྲི་གསར་པ། རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བཅས་ཁག་བདུན་དུ་དབྱེ་ནས་ལོ་60ཡི་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་གྱི་འཛུགས་སྐྲུན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཚུལ་གང་ལེགས་མངོན་པར་བྱས་ཡོད།
     ཨུ་ཡོན་ཚོས་གཟིགས་སྐོར་གནང་རྗེས་འགྲེམས་སྟོན་ལ་ལྟ་བ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། བོད་ལྗོངས་གསར་པའི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་ཐུབ་པ་བྱུང་བ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་ཞེས་བརྗོད། ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། སྲིད་ཞུགས་སྲིད་གླེང་ཧུར་ཐག་དང་ཐབས་འདོན་ཇུས་འདོན་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།
【1】  【2】  【3】
ཨུ་ཡོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
ཨུ་ཡོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་བཙུགས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།