འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅༎བོད་ལྗོངས་ཀྱིས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། 
ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་560ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་7ཉིན་འགོ་ཚུགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་2019ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་4000ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད་པ་རེད། ཞིང་འབྲོག་པ་ཁྲི་40ཡུལ་སྐོར་ཐོན་ལས་ནང་ཞུགས་པས་དབུལ་སྒྲོལ་འགག་སྒྲོལ་ལ་སྔར་བས་རོགས་རམ་ཐུབ་ཡོད། ད་ལོ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་600ཟིན་རྒྱུའི་བརྩོན་ལེན་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དེ་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྗོངས་ཡོངས་ཀྱི་རིག་གནས་འཁྲབ་སྟོན་ལས་རིགས་ཀྱིས་ཞིང་འབྲོག་པ་མི་ཁྲི་1.6ཙམ་ལས་ཞུགས་གཞན་སྒྱུར་ཡོང་བ་བྱས་པ་དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་17000ཙམ་ཟིན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་དོན་འཁྱོལ་བྱས་ནས་ལྗོངས་ཕྱི་ནང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ཡོད། 2018ལོའི་ཟླ་2པ་ནས་བཟུང་བོད་ལྗོངས་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཐེངས་གསུམ་སྤེལ་བ་དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་ཡུལ་སྐོར་ཁྲོམ་རར་སྐུལ་འདེད་གཏོང་རྒྱུ་དེ་རེད། རེས་སྐོར་དང་པོ་དང་གཉིས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་60ཙམ་བྱུང་བ་དང་། རེས་སྐོར་གསུམ་པ་དེ་2019ལོའི་ཟླ་10པར་འགོ་ཚུགས་པ་དང་2020ལོའི་ཟླ་3པར་མཇུག་འགྲིལ་རྒྱུ་རེད། གཞན་ཡང་། བོད་ལྗོངས་ཀྱིས་2019ལོར་ད་དུང་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་10གསར་དུ་བསྣན་ནས་ལྷོ་ཁའི་ལྷུན་རྩེ་གནམ་ཐང་སོགས་ཡན་ལག་གནམ་ཐང་3གྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད།