འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི《ཕོ་ཉ》དུས་དེབ་འཛམ་གླིང་སྐད་ཡིག་
དཔར་མ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་ཡིག་སྒྱུར་དཔེ་སྐྲུན་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་དབར《ཕོ་ཉ》དུས་དེབ་འཛམ་གླིང་སྐད་ཡིག་དཔར་མ་ཡིག་སྒྱུར་དཔེ་སྐྲུན་གྱི་གན་འཇོག་མཛད་སྒོ་ཚེས་7ཉིན་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་གན་འཇོག་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྲུང་གོ་འཕྲིན་སྤེལ་ལས་ཁུངས་ཀྱིས《ཕོ་ཉ》དུས་དེབ་ཀྱི་འཛམ་གླིང་སྐད་ཡིག་དཔར་མ་ཡིག་སྒྱུར་དང་དཔེ་སྐྲུན་གྱི་མཉམ་ལས་འབྲེལ་བ་དངོས་སུ་བཙུགས་པ་རེད།
    ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥང་ཀྲེང་ཧུའེ་ཡིས་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས《ཕོ་ཉ》དུས་དེབ་འཛམ་གླིང་སྐད་ཡིག་དཔར་མའི་མཉམ་ལས་དཔེ་སྐྲུན་གན་འཇོག་མཛད་སྒོ་ཚོགས་པ་དེ་ཐོག་ནས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི《ཕོ་ཉ》དུས་དེབ་ཀྱི་ཁྱིམ་ཚང་ཆེ་མོའི་ནང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཞུགས་པ་མཚོན་ཡོད། 《ཕོ་ཉ》དུས་དེབ་འཛམ་གླིང་སྐད་ཡིག་དཔར་མས་སྐད་ཡིག་གཞན་གྱི་དཔར་མ་དང་མཉམ་དུ་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱ་རྒྱུར་ལེགས་སྐྱེས་ཕུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
     མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་ཀྲུང་གོའི་དྲུང་ཆེ་ཆིན་ཁྲང་ཝེ་ཡིས་ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱི་ཐུན་མོང་གི་རྒྱབ་སྐྱོར་དང་འབད་བརྩོན་འོག《ཕོ་ཉ》དུས་དེབ་ལོ་5དཔེ་སྐྲུན་བྱེད་མཚམས་བཞག་རྗེས་2017ལོར་སླར་ཡང་དཔེ་སྐྲུན་བྱས་ནས་ཀྲུང་གོ་དང་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་དང་ཤེས་དཔལ་སྤེལ་རེས་དང་མྱོང་ལེན་གྱི་ཁྱབ་ཁོངས་གསར་པ་འབྱེད་པའི་མཚོན་རྟགས་གལ་ཆེན་ལ་གྱུར་ཡོད། ད་ཆ《ཕོ་ཉ》དུས་དེབ་འཛམ་གླིང་སྐད་ཡིག་དཔར་མ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་ཡིག་སྒྱུར་དཔེ་སྐྲུན་བྱ་རྒྱུ་ཡིན་པས་ཀྲུང་གོ་དང་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མཉམ་ལས་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་ཏེ། ཕྱོགས་གཉིས་པོའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《ཕོ་ཉ》དུས་དེབ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་དུས་དེབ་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འདུ་ཤེས་བརྒྱུད་བསྒྲགས་དང་ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་ལས་སྟེགས་བསྐྲུན་རྒྱུ་རྩ་དོན་དུ་བཟུང་བཞིན་ཡོད་པ་རེད།