འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་9ཉིན།

༄༅༎སི་ཁྲོན་ལི་ཐང་གི་འབྲོག་ཁྱིམ་དུ་སྐྱིད་པའི་གླུ་དབྱངས་ལེན་བཞིན་ལོ་གསར་བསུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སི་ཁྲོན་ལི་ཐང་གི་འབྲོག་ཁྱིམ་དུ་སྐྱིད་པའི་གླུ་དབྱངས་ལེན་བཞིན་ལོ་གསར་བསུ།
     ཉེ་ཆར། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཚེ་མགོན་ཤང་སྨར་ཁམས་གྲོང་ཚོའི་ན་གཞོན་དང་བྱིས་པ་ཁག་གཅིག་ཕ་ལོའི་ཁྱིམ་དུ་འཛོམས་ནས་སྒྲ་སྙན་དཀྲོལ་བ་དང་། ལག་རྔ་བརྡུངས་ཏེ་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་པར་བསྟོད་གླུ་བླངས་ནས། མཐོ་གྲང་ས་ཁུལ་གྱི་འབྲོག་པ་དབུལ་སྒྲོལ་རྗེས་ཀྱི་དགའ་བའི་བསམ་པ་དང་། ལོ་གསར་པར་བསུ་བ་ཞུ་ལུགས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་བཅས་མཚོན་པར་བྱས་ཡོད།