འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་8ཉིན།

༄༅།།རང་རྒྱལ་གྱི་འཕྲིན་གཏོང་ལག་རྩལ་གྱི་ཆོད་ལྟའི་སྲུང་སྐར་ཨང་ལྔ་པ་འཕེན་གཏོང་ལེགས་འགྲུབ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱི་འཕྲིན་གཏོང་ལག་རྩལ་གྱི་ཆོད་ལྟའི་སྲུང་སྐར་ཨང་ལྔ་པ་འཕེན་གཏོང་ལེགས་འགྲུབ་བྱུང་བ།
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་ཆུ་ཚོད་23དང་སྐར་མ་20ཡི་ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་སྲུང་སྐར་ཨང་ལྔ་པ་འཕེན་གཏོང་བྱས་པ་ལེགས་འགྲུབ་བྱུང་ཞིང་། སྲུང་སྐར་བདེ་བླག་ངང་སྔོན་དཔག་གི་འཁོར་ལམ་ཐོག་བསྐྱོད་ཐུབ་པས་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད་པ་རེད། དེ་ལས་ཀྲུ་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་2020ལོའི་འཕེན་གཏོང་ལས་འགན་ཨང་དང་པོ་འགོ་ཚུགས་མ་ཐག་རྒྱལ་ཁ་ཐོབ་པ་མཚོན་ཡོད།  
    ངོ་སྤྲོད་བྱས་པར་གཞིགས་ན། འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་སྲུང་སྐར་ཨང་ལྔ་པ་དེ་གཙོ་བོ་སྲུང་སྐར་འཕྲིན་གཏོང་དང་། རླུང་འཕྲིན་བརྙན་འཕྲིན། གྲངས་གཞི་འདྲེན་པའི་ལས་སྒོར་སྤྱོད་རྒྱུ་ཡིན་པ་མ་ཟད། ད་དུང་བརྒྱུད་ཚད་མཐོ་བའི་ལག་རྩལ་ཚོད་ལྟ་ར་སྤྲོད་སྤེལ་རྒྱུ་ཡིན་པ་རེད།
   འཕྲིན་གཏོང་ལག་རྩལ་གྱི་ཚོད་ལྟའི་སྲུང་སྐར་ཨང་ལྔ་པ་དང་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སོ་སོ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་་ཚོགས་པ་ཚད་ཡོད་ཀུང་སིའི་མངའ་འོག་ཧྲང་ཧའེ་འཇིག་རྟེན་འཕུར་སྐྱོད་ལག་རྩལ་ཞིབ་འཇུག་ཁང་དང་།  ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པ་ཞིག་ཡིན་པ་རེད།
    འདི་ནི་རྒྱང་སྐྱོད་རྟགས་ཅན་རིམ་སྟར་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཇིག་རྟེན་འཕུར་སྐྱོད་ཐེངས་324པ་ཡིན་པ།