འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་8ཉིན།

༄༅༎བོད་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་རིགས་ཁོངས་
ཁག་བགོས་ཀྱི་ཚོགས་ཆུང་གྲོས་བསྡུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་08ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཆོས་ལུགས་ལས་རིགས་ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུའི་ཚོགས་ར།
ཆོས་ལུགས་ལས་རིགས་ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུའི་ཚོགས་ར། 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཨུ་ཡོན་ཚོས་ཚོགས་ཆུང་ཁག་བགོས་ཀྱིས《རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན》དང《གྲོས་གཞིའི་ལས་དོན་སྙན་སྒྲོན》ལ་གྲོས་བསྡུར་བྱས་པ་རེད། ཨུ་ཡོན་རྣམ་པས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ། 
     ཚོགས་ཆུང་ཁག་གི་གྲོས་བསྡུར་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་ལ་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ། 
     ཨུ་ཡོན་དོན་གྲུབ་བསྟན་འཛིན་གྱིས《རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན》ནང་གོམ་སྟབས་རྗེས་མའི་ལས་ཀའི་གཙོ་གནད་ཚིག་ཉུང་དོན་དྲིལ་ངང་བསྟན་ཡོད་པ་དང་། སྙན་སྒྲོན་ཧྲིལ་པོའི་གོ་རིམ་གསལ་བ་དང་། ལས་འགན་དངོས་ཁ་གསལ་པོ་འདུག་ཅེས་བརྗོད་པ།
     ཨུ་ཡོན་ཚེ་རིང་ལྷ་མོས་ལས་དོན་སྙན་སྒྲོན་གྱིས་བསམ་ཕྱོགས་ཁ་གསལ་དང་། ལག་ལེན་དུ་འཁྱོལ་ཐུབ་པའི་ངང་2020ལོའི་ལས་དོན་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད་པ།
【1】  【2】  【3】
༄༅༎བོད་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་རིགས་ཁོངས་
ཁག་བགོས་ཀྱི་ཚོགས་ཆུང་གྲོས་བསྡུར།