འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་6ཉིན།

༄༅༎ཟུང་ཆུ་རྫོང་གིས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་ཐད་ལ་ཐོལ་བརྒལ་གསར་པ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་06ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་པ་ལས་མིའི་གླ་ཕོགས་འབའ་དངུལ་ལམ་ལུགས་དོན་འཁྱོལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་གིས་བཏོད་པ་དང་དེ་ལ་ཐོལ་བརྒལ་གསར་པ་བྱུང་ཡོད། 
     ཞིང་པ་ལས་མིའི་གླ་ཕོགས་འབའ་དངུལ་ལམ་ལུགས་དོན་འཁྱོལ་བྱས་པ། 2016ལོ་ནས་2019ལོ་བར། ཟུང་ཆུ་རྫོང་གི་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་364ཡིས་ཞིང་པ་ལས་མིའི་གླ་ཕོགས་འབའ་དངུལ་སྒོར་ཁྲི་5452.78སྤྲད་པ་དང་འགན་ཡིག་སྒོར་1114.47བཏང་ཡོད། 
     ངལ་རྩོལ་འགན་སྲུང་གི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ། 2016ལོ་ནས་2019ལོ་བར། ངལ་རྩོལ་ལྟ་ཞིབ་ཀྱི་གྱོད་གཞི་54ཐོ་འགོད་བྱས་པ་དང་། གྱོད་གཞི་54ཐག་བཅད་པ། གྱོད་གཞི་ཐག་བཅད་ཚད་100%ཟིན་པ། ཞིང་པ་ལས་མི་832ལ་གླ་ཕོགས་སྒོར་ཁྲི་1134.3རག་པ་བྱས་པ་བཅས་རེད། 
     རྒྱུན་ལྡན་གྱི་སྐོར་ཞིབ། དུས་ཚིགས་ཀྱི་རྩད་ཞིབ། ཆེད་དོན་ཞིབ་བཤེར་བཅས་རྒྱུན་རྣམ་ཅན་དུ་བཏང་བ། 2016ལོ་ནས་2019ལོ་བར། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གཙང་བཤེར་དང་། མི་ཤུགས་ཐོན་ཁུངས་ཁྲོམ་ར་གཙང་བཤེར་དག་ཐེར། བྱིས་པ་ལས་བཟོ་བ་སྤྱོད་མི་ཆོག་པ་སོགས་ཀྱི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱེད་སྒོ་སྤེལ་ནས་མི་སྤྱོད་སྡེ་ཚན་887ལ་ཞིབ་བཤེར་བྱས་པ་དང་། ངལ་རྩོལ་པ་ཁྲི་2.1དང་འབྲེལ་བ་ཡོད་པ་རེད། 
     ངལ་རྩོལ་གན་རྒྱའི་ལམ་ལུགས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ། 2016ལོ་ནས་2019ལོ་བར་རྫོང་ཁོངས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད་95.91%ཟིན་ཡོད། 
     ངལ་རྩོལ་མི་དོན་གྱི་རྩོད་གཞི་འདུམ་གཅོད་དང་འདུམ་འགྲིག་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་པ། 2016ལོ་ནས་2019ལོ་བར། འདུམ་གཅོད་འདུམ་འགྲིག་གྱོད་གཞི་61(འདུམ་གཅོད་གྱོད་གཞི་24དང་འདུམ་གཅོད་ཁྲུན་གཅོད་གྱོད་གཞི་24)བདག་སྤྲོད་བྱས་པ་དང་། གྱོད་གཞི་37འདུམ་འགྲིག་བྱས་པ་དང་། གྱོད་གཞི་37འདུམ་འགྲིག་བྱུང་བ་དང་། ལེགས་འགྲུབ་བྱུང་ཚད་100%ཟིན་ཡོད།