འཚོལ་བཤེར།   
藏文频道
2020ལོའི་ཟླ་1ཚེས་2ཉིན།

༄༅།།ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ལས་གཉེར་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 01ཚེས་02ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་ཤར་བགྲོད་ལས་གཉེར་ཐུབ་པ།
    ཟླ་12ཚེས་30ཉིན་པེ་ཅིང་ནས་ཀྲང་ཅ་ཁོའུ་བར་གྱི་མྱུར་བགྲོད་ལྕགས་ལམ(ཅིང་ཀྲང་མྱུར་བགྲོད་ལྕགས་ལམ)ཤར་བགྲོད་ལས་གཉེར་ཐུབ་པ་དང་བསྟུན་ནས་ཁྲུང་ལི་ལྕགས་ལམ་ཡང་དུས་གཅིག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་ནས་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་འགྲིམ་འགྲུལ་གཉེར་སྐྱོང་གི་ཞབས་ཞུའི་འགན་ལེན་ཐུབ་རྒྱུ་རེད།
     ཅིང་ཀྲང་ལྕགས་ལམ་ནི་རང་རྒྱལ་གྱི《དུས་ཡུན་རིང་འབྲིང་ལྕགས་ལམ་དྲ་བའི་འཆར་འགོད》ནང་གི“འཕྲེད་བརྒྱད་གཞུང་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བ་པེ་ཅིང་ནས་ལན་ཀྲོའུ་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ལྕགས་ལམ་གྱི་ནུབ་ངོས་ཉིན་གཅིག་ཏུ་ཤར་བགྲོད་ལས་གཉེར་ཐུབ་པའི་ཀྲང་ཅ་ཁོའུ་ནས་ཧུའུ་ཧོ་ཧའོ་ཐེ་བར་དང་། ཀྲང་ཅ་ཁོའུ་ནས་ཏ་ཐུང་བར་གྱི་མྱུར་བགྲོད་ལྕགས་ལམ་གཉིས་དང་སྦྲེལ་མཐུད་ཐུབ་པ་མ་ཟད། ཤར་ངོས་པེ་ཅིང་གི་ལྟེ་བ་དང་སྦྲེལ་མཐུད་ཐུབ་སྟེ་ནང་སོག་གི་ཤར་རྒྱུད་དང་། ཧྲན་ཤིས་དང་ཧོ་པེའི་བྱང་རྒྱུད་ས་ཁུལ་ནས་པེ་ཅིང་དུ་མགྱོགས་མྱུར་འཛུལ་བའི་འགྲུལ་སྐྱེལ་བགྲོད་ལམ་ཞིག་ཆགས་ཡོད། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དེ་པེ་ཅིང་ལྟེ་བའི་པེ་ཅིང་བབས་ཚུགས་བྱང་མ་ནས་འགོ་བཙུགས་ཏེ་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་དང་ཡན་ཆིང་ཆུས་བརྒྱུད་དེ་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཧོའེ་ལའེ་རྫོང་དང་། ཤ་ཧྭ་ཡོན་ཆུས། ཤོན་ཧྭ་ཆུས། ཆའོ་ཏུང་ཆུས་བཅས་སུ་འབྱོར་བ་དང་ལམ་ཐིག་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་174ཡོད་པས་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་350ཟིན་གྱི་ཡོད་པ་རེད། འདི་ནི་2019ལོའི་ཟླ་12ཚེས་30ཉིན་བསྐྱར་དར་རྟགས་ཅན་གྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་ཞིག་པེ་ཅིང་ཅུས་ཡུང་ཀོན་ལྕགས་རི་རིང་པོའི་གཤམ་འོག་ནས་སྐྱོད་བཞིན་པ།