འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་30ཉིན།

༄༅།།ཁོང་མོར“ཆེས་མཛེས་པའི་ཅོ་ནེ་པ་”ཞེས་པའི་མཚན་སྙན་ཐོབ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་30ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁོང་མོར“ཆེས་མཛེས་པའི་ཅོ་ནེ་པ་”ཞེས་པའི་མཚན་སྙན་ཐོབ།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། བསྟུད་མར་ཉིན་འགའི་རིང་། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཚང་སྐོར་ཞོལ་མ་གྲོང་ཚོའི་གྲོང་མི་ཀྲང་ཡ་ཕིང་ལ་སྔ་རྗེས་སུ་“ཀན་སུའུ་ཞིང་ཆེན་རང་བཀུར་དཔེ་སྟོན་”དང་“ཆེས་མཛེས་པའི་ཅོ་ནེ་པ་”ཡི་མཚན་སྙན་ཐོབ་ཡོད། མཚན་སྙན་འདི་ནི་ཁོང་མོས་དུས་རྒྱུན་འབད་པ་ཆེན་པོ་བྱས་ནས་ཐོབ་པ་རེད།
  1988ལོར། ཀྲང་ཡ་ཕིང་སྐྱེས་དུས་སྐྱེ་ལེན་བྱེད་སྟངས་མ་འགྲིག་པས་དཔྱི་ཚིགས་ཤོར་ནས་དབང་པོ་སྐྱོན་ཅན་དུ་གྱུར་ཞིང་། དྲང་གཞག་མིན་པའི་ལས་དབང་གིས་ཁོང་མོར་རྒྱུན་ལྡན་ལས་འདས་པའི་གཤིས་ཀ་མཁྲེགས་པོ་ཞིག་ཆགས་སུ་བཅུག་ཡོད། ཁོང་མོས་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་ནས་གྲོང་ཚོའི་ནང་གི་བུ་མོ་ཚོའི་ཁྲོད་དུ་འབྲིང་རིམ་ཆེད་སྦྱོང་འགྲིམ་མཁན་ཉུང་ཤས་ནང་གི་གཅིག་ཏུ་གྱུར་ཡོད།
    ཁྱིམ་ཚང་ལ་དཀའ་ངལ་ཆེ་བས། ཀྲང་ཡ་ཕིང་ལ་“ཕྱི་རུ་བསྐྱོད”ན་ད་གཟོད་ད་ལྟའི་རྣམ་པ་སྒྱུར་ཐུབ་པའི་ཚོར་རྟོགས་བྱུང་བ་དང་། ཕྱི་ཡུལ་གྱི་འཇིག་རྟེན་གྱིས་ཁོང་མོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་བསྐྱེད་ཅིང་། དངོས་རིགས་གསར་པ་མང་པོ་ཤེས་རྟོགས་བྱུང་ཡོད། ཡིན་ནའང་། རང་ཉིད་ནར་སོན་སའི་ཕ་ཡུལ་དང་འབྲལ་དཀའ་བར་གྱུར། 
   2015ལོར། ཕ་ཡུལ་དུ་ལོག་པའི་ཀྲང་ཡ་ཕིང་གིས་མི་གཞན་གྱིས་བལྟས་ན་“ཉེན་ཁ་ཆེ་བའི་”དོན་དག་ཅིག་བསྒྲུབས་པ་སྟེ། ཁོ་མོས་སྒོར་ཁྲི་10ཡི་དངུལ་བུན་བླངས་ནས། ས་ཞིང་མུའུ་300འགན་གཙང་བླངས་ཏེ་ནས་དང་ཡུག་པོ་སོགས་འབྲུ་རིགས་བཏབ་ནས་ལས་གཏོད་བྱས།
    ཉེ་བའི་ལོ་འགའ་རིང་ཟམ་མི་ཆད་པར་གཞི་རྒྱ་བསྐྱེད་པ་བརྒྱུད། ཆེད་ལས་མཉམ་ལས་ཁང་གིས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་900ལྷག་མངོན་འགྱུར་བྱུང་བ་དང་། ཅོ་ནེ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་གི་རྒྱབ་སྐྱོར་རོགས་རམ་འོག 2018ལོར། ཀྲང་ཡ་ཕིང་གི་མཉམ་ལས་ཁང་ནི་རྫོང་དེའི་མི་སྤྱི་ཅུས་ཀྱིས་དངོས་སུ་“བུད་མེད་དབུལ་སྐྱོར་འཁོར་སྒམ་”ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། 
   ཉེ་ཆར། ཅོ་ནེ་རྫོང་གི་“ཆེས་མཛེས་པའི་ཅོ་ནེ་པ་”དང་དབུལ་སྒྲོལ་འགག་སྒྲོལ་སྔོན་ཐོན་དཔེ་མཚོན་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཏུ། ཀྲང་ཡ་ཕིང་ལ་བྱ་དགའ་ཐོབ་པ་དང་། བྱ་དགའི་སྤྲོད་པའི་ཚིག་ནི་འདི་ལྟར་བྲིས་ཡོད་པ་སྟེ། “ཆག་གྲུམ་ཤོར་བའི་འཇིག་རྟེན་འདིར། ཁྱོད་ཀྱིས་ལས་དབང་དང་འཐབ་རྩོད་བྱེད། སད་དང་སེར་བའི་ཁྱད་གསོད་འོག མཐོ་སྒང་གི་མེ་ཏོག་རབ་ཏུ་བཞད། དབུལ་སྒྲོལ་གྱི་ལམ་བུའི་ཐོག  ཡུལ་མི་ཚོས་ཁྱོད་ལ་བསྟོད་ར་འཐེན། དཀའ་སྡུག་གི་ལམ་ཁར་ནམ་ཡང་ཉི་ཟེར་ལ་ཕྱོགས།  ནོར་གནག་དང་ར་ལུག་གིས་དབུལ་བོའི་ལས་དབང་སྒྱུར་བཞིན། ཁྱོད་ཀྱི་སྲ་བརྟན་དང་སྙིང་སྟོབས་ཀྱིས་རི་ཁུག་ཏུ་འཚོ་བའི་ཆེས་བབ་ཆགས་ཀྱི་སེམས་པར་དྲོད་འཁོལ་བསྩལ་ཡོད།
༄༅།།ཁོང་མོར“ཆེས་མཛེས་པའི་ཅོ་ནེ་པ་”ཞེས་པའི་མཚན་སྙན་ཐོབ།