འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་30ཉིན།

༄༅།།སློབ་གསོ་པུས་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་སྤུས་ཚད་ལྡན་པའི་སློབ་བསྡུ་རྒྱ་
ཆེར་གཏོང་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་30ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་སློབ་གསོ་པུའི་གཞུང་དོན་ཐིང་གིས་འབྲེལ་ཡོད་བསམ་འཆར་བཏོན་ཏེ་ས་གནས་ཁག་གི་ལས་རིགས་སློབ་གླིང་དང་སློབ་གྲྭ་ཁག་གིས་རང་འགུལ་ངང་མཐོ་རིམ་ལས་རིགས་ཀྱི་སློབ་བསྡུ་རྒྱ་ཆེར་གཏོང་བའི་བླང་བྱ་གསར་པ་དང་བསྟུན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་སྤུས་ཚད་ལྡན་པའི་སློབ་བསྡུ་རྒྱ་ཆེར་གཏོང་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་མཛུབ་ཁྲིད་བྱས་པ་རེད།
     2019ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གཞིར་བཟུང་། འདི་ལོར་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་གཞི་ཁྱོན་ཆེན་པོའི་སྒོ་ནས་མི་ཁྲི་100བསྡུས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རིམ་གཉིས་མཉམ་འགུལ་བྱས་ནས་དམག་ཞབས་ཐིམ་པའི་དམག་མི་དང་། ལས་བྲལ་ལས་ཤོར་མི་སྣ། ཞིང་པ་ལས་མི། ཆེད་ལས་ཞིང་པ་གསར་པ་སོགས་ཚོགས་སྤྱི་བསྡུ་རྒྱུ་ལོགས་སུ་འཆར་གཞི་བཏིང་ནས་མཐོ་རིམ་ལས་རིགས་ཀྱི་སློབ་ཁུངས་དེ་བས་སྣ་མང་དང་སློབ་མའི་འཕེལ་རྒྱས་དགོས་མཁོ་དེ་བས་ཕུན་སུམ་ཚོགས་སུ་བཏང་སྟེ་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལས་དོན་ལ་འགྲན་སློང་གསར་པ་དང་བླང་བྱ་གསར་པ་བཏོན་པ་རེད།
     དེར་བརྟེན། སློབ་གསོ་པུས《སློབ་བསྡུ་རྒྱ་ཆེར་བཏང་རྗེས་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་སློབ་ཁྲིད་ཀྱི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་མཐོ་རིམ་ལས་རིགས་ཀྱིས་སློབ་བསྡུ་རྒྱ་ཆེར་གཏོང་བའི་སློབ་ཁུངས་ལ་དམིགས་ཏེ། ཚད་གཞི་དམའ་རུ་མི་གཏོང་བ་དང་། རྣམ་པ་སྣ་ཚོགས། སློབ་ཡུན་བབ་བསྟུན་བཅས་མཐའ་འཁྱོངས་དང་། སློབ་མར་གཞིགས་ནས་སློབ་ཁྲིད་དང་དགོས་མཁོར་གཞིགས་ནས་སློབ་ཁྲིད་མཐའ་འཁྱོངས། ནང་འདྲེན་ལྷུག་གཏོང་དང་ཕྱིར་གཏོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སློབ་ཐོན་འགག་སྒོ་ནན་པོ་བསྲུངས་ཐོག་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།
     བསམ་འཆར་ནང་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་ཁག་གིས་སློབ་ཁུངས་མི་འདྲ་བའི་འཚར་ལོངས་རྒྱབ་ལྗོངས་དང་། ལས་ཞུགས་ཉམས་མྱོང་། སློབ་སྦྱོང་རྨང་གཞི། ལོ་ཚད་དུས་མཚམས། ཤེས་ཚོར་གྱི་ཁྱད་ཆོས། འཕེལ་རྒྱས་འདུན་པ་སོགས་ཐད་ཀྱི་ཧེ་བག་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གི་གནས་ཚུལ་དབྱེ་ཞིབ་དང་། བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རིགས་དབྱེ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཇུས་གཞི་བཟོ་བ། སློབ་བསྡུ་རྒྱ་ཆེར་གཏོང་བའི་བླང་བྱ་གསར་པ་དང་འཚམ་པའི་དགེ་རྒན་དཔུང་ཁག་འཛུགས་པ། སློབ་ཁྲིད་སྒྲིག་འཛུགས་རྣམ་པ་གསར་གཏོད། སློབ་སྦྱོང་གྲུབ་འབྲས་གསོག་འཇོག་དང་གཞན་སྒྱུར་འཚོལ་ཞིབ། སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ནན་པོ། སྤུས་ཚད་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་སློབ་བསྡུ་རྒྱ་ཆེར་བཏང་རྗེས་ཀྱི་སློབ་གསོའི་སློབ་ཁྲིད་དོ་དམ་ལས་དོན་ལ་ཞིབ་ཕྲའི་བླང་བྱ་བཏོན་ཡོད།
    བསམ་འཆར་ནང་སློབ་མའི་སྦྱོང་ཚན་དཔྱད་ཞིབ་གདེང་འཇོག་གི་བྱ་ཐབས་སྒྱུར་བཅོས་བྱས་ནས་སྣ་མང་གདེང་འཇོག་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ལ་བརྩི་དགོས་པ་བཏོན་ཡོད།