འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་27ཉིན།

༄༅།།རི་སྐྱེས་སྲོག་ཆགས་ཀྱི་མཛེས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་27ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཤི་གསོན་རྟིང་རྩོད།
ཤི་གསོན་རྟིང་རྩོད། 
    མི་དམངས་དྲ་བའི་འཕྲིན། བརྗིད་ཆགས་པའི་མདོ་ལ་རི་བོ་ནི་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་དང་། ཆུ་བོ་མང་པོའི་འབྱུང་ཁུངས་ཡིན་ལ། དེ་བས་ཀྱང་ཚེ་སྲོག་གི་འབྱུང་ཁུངས་ཡིན།
   མདོ་ལ་རི་བོའི་མུ་འབྲེལ་རི་རྒྱུད་ཀྱིས་རི་སྐྱེས་སྲོག་ཆགས་མང་པོ་ལ་འཚོ་གནས་ཀྱི་ཁོར་ཡུག་ཡག་པོ་མཁོ་སྤྲོད་བྱས་ཡོད་ལ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱེད་ཡུལ་བསྟུད་མར་ལག་བསྟར་བྱེད་པ་དང་བསྟུན། ཉིན་རེར་ཇེ་མང་དུ་འགྲོ་བའི་རི་སྐྱེས་སྲོག་ཆགས་ཀྱིས་མདོ་ལ་རི་བོར་རང་བྱུང་གི་མཛེས་སྡུག་ཅིག་གསར་དུ་བསྣན་ཡོད་པ་དེས་རང་བྱུང་མཛེས་ཉམས་འཚོལ་བར་དགའ་བའི་སྐྱེས་ཁམས་པར་ལེན་མཁན་ལ་གནས་ཡག་པོ་ཞིག་མཁོ་སྤྲོད་བྱས་ཡོད། དེའི་ཁྲོད་དུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དབུ་བཞུགས་པར་བ་པའོ་ཡུང་ཆིང་གི་བརྩམས་ཆོས《ཤི་གསོན་རྟིང་རྩོད》ཞེས་པ་ལ་2019BBcདབྱིན་ཇིའི་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་པར་རིས་འགྲན་བསྡུར་ཆེན་པོའི་ཐོག་ཏུ་ཨང་དང་པོ་ཐོབ་པ་དང་། མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱུང་ཡོད། 
    མདོ་ལ་རི་བོར་ཐང་རྒོད་རྒྱ་ཆེན་པོ་ཡོད་ཅིང་། ཐང་རྒོད་ནི་ཚེ་སྲོག་གི་དགའ་ཚལ་དུ་གྱུར་ཡོད། རང་རྒྱལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སྔོན་ཐོན་ཁུལ་32ཀྱི་ཁུལ་གཅིག་ཡིན་པའི་མདོ་ལ་རི་བོ་ནི་སྐྱེ་དངོས་སྣ་མང་རང་བཞིན་དང་། དམིགས་བསལ། དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་ཁུལ་གྱི་མ་ལག་ཅིག་ཡིན་པའི་རྐྱེན་གྱིས། རང་རྒྱལ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁུལ་གྱི་སྔོན་ཐོན་ཁུལ་དུ་གྱུར་བ་རེད། གོ་ལ་ཧྲིལ་བོར་རྒྱ་མཚོའི་ངོས་ལས་ས་བབས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁྲོད་དུ་དཔེ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད། 
【1】  【2】  【3】  【4】  【5】  【6】
ཁྲུང་ཁྲུང་སྐེ་ནག
ཁྲུང་ཁྲུང་སྐེ་ནག