འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་27ཉིན།

༄༅།།མཚོ་སྔོན་རྒྱ་ཐང་དུ་ཁྲུང་ཁྲུང་ཟླ་5ཡི་སྔ་སྣུར་དུ་སླེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་27ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་རྒྱ་ཐང་དུ་ཁྲུང་ཁྲུང་ཟླ་5ཡི་སྔ་སྣུར་དུ་སླེབས་པ།
    མི་དམངས་དྲ་བའི་འཕྲིན། སྔོན་ཆད་ཟླ་4པ་ནས་ཟླ་6པའི་བར་མཚོ་སྔོན་གྱི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་རྒྱ་ཐང་དུ་འཕུར་ཡོང་བའི་ཁྲུང་ཁྲུང་སྐེ་ནག  ད་ལོའི་ཟླ་11ཡས་མས་ནས་དེར་སླེབས་ཡོད། རིགས་ཚོགས་ཀྱི་གྲངས་འབོར་160ཡས་མས་ཡོད། གཞན་ཡང་ཁྲི་འདུ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། ལོ་རེར་གནས་དེར་སྐྱེ་འཕེལ་བྱུང་བའི་ཁྲུང་ཁྲུང་སྐེ་ནག་400ནས་500བར་ཟིན་ཞིང་། ཁྲུང་ཁྲུང་སྐེ་ནག་ནི་ས་མཐོའི་སྐྱེ་ཁམས་འགྱུར་ལྡོག་གི་མཛུབ་སྟོན་རང་བཞིན་གྱི་བྱ་རིགས་ཤིག་དང་། གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་རིགས་བཅོ་ལྔའི་ཁྲོད་ཀྱི་མཚོ་བོད་ས་མཐོར་སྐྱེ་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་དེའང་ཡིན་པ་རེད། འདི་ནི་མཚོ་སྔོན་ཡུལ་ཤུལ་ཁྲི་འདུ་རྫོང་གི་རྒྱ་ཐང་དུ་འཕུར་ཡོང་བའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
【1】  【2】
༄༅།།མཚོ་སྔོན་རྒྱ་ཐང་དུ་ཁྲུང་ཁྲུང་ཟླ་5ཡི་སྔ་སྣུར་དུ་སླེབས་པ།